གསུང་མགུར་བརྒྱ་དང་སོ་བཞི༌པ།
ཞལ་འབོད་གནང་བའི་བསྟོད་པ།
༼ཡར་གནས་མཇལ་དུ་འགྲོ་བའི་མགུར༌མ།༽ ཀྱེ་ཀྱེ་མཚན་མོར་ཡ་ཝཱེའི་བཞུགས་གནས་སུ། །འགྲེང་བའི་ཞབས་ཕྱི་རྣམས་ཀྱིས་ཡ་ཝཱེར༌བསྟོད།། གནས་མཆོག་ནང་དུ་ལག་པ་ཡར་བཀྱགས༌ནས། །ཡ་ཝཱེ་ཁོང་ལ་བསྟོད་བསྔགས་བརྗོད་པར༌གྱིས།། གནམ་སའི་མཛད་པོ་ཡ་ཝཱེས་ཁྱོད་རྣམས༌ལ། །ཛ་ཡན་ཡུལ་ནས་བྱིན་གྱིས་བརླབ་པར༌ཤོག།