15
རྩང༌མ༌ དང༌ ཚི༌ཏུ༌།
15:1 ནེ༌ 20
1 ཏེ༌ནེ༌ ཕ༌རུ༌ཤི༌པ༌ དང༌ ཆོས༌ཁྲིམས༌ལ༌ ཁས༌པ༌ ཁ༌ཅིག༌ ཡེ༌རུ༌ཤ༌ལེམ༌མི༌ གྱལ༌ས༌ནེ༌ གཙོ༌བོ༌ ཡེ༌ཤུ༌ ཡོད༌ས༌ ཡོངས༌ཏེ༌ ཏྲིས༌,
2 "ཉེ༌རང༌ངི༌ ལོབ༌ཕྲུགས༌གུན༌ནི༌ ང༌དང༌ངི༌ ཕ༌མེས༌པོའེ༌ ལུག༌སྲོལ༌ ཅིའ༌ ཅག༌ག༌ནོག༌? ཁོང༌གུན༌ནི༌ ཟན༌ ཟའེ༌ སང༌ སྔུན༌ལ༌ ལག༌པ༌ ཁྲུའ༌ མི༌དུག༌།"
3 ཡེ༌ཤུའི༌ ཁོང༌གུན༌ལ༌ ལན༌སལས༌, "ཁྱོ༌ཞའེ༌ ཁྱོ༌ཞ༌རང༌ངི༌ ལམ༌ལུག༌སྲོལ༌ སྲུང༌ཅེས༌ལ༌ དཀོན༌མཆོག༌གི༌ བཀའ༌ ཅིའ༌ ཅག༌གད༌?
4 སྤེར༌ན༌ དཀོན༌མཆོག༌གི༌ མོལ༌ཏེ༌ ཨིན༌ནོག༌, "རང༌ངི༌ ཨ༌བ༌ དང༌ ཨ༌མའ༌ རྩི༌ཝ༌ ཅོས༌, ཡང༌ རང༌ངི༌ ཨ༌བ༌ ཡ༌ ཨ༌མའ༌ ངན༌ ཏབ༌ཁན༌གུན༌ སད༌གོས༌།
5 ཨིན༌ནའང༌ ཁྱོ༌ཞའེ༌ མི༌གུན༌ལ༌ ཁོ༌རང༌ངི༌ ཨ༌བ༌ ཡ༌ ཨ༌མའ༌, 'ངའེ༌ ཉེ༌རང༌ང༌ རོགས༌ ཅོ༌གོ༌ཤེས༌པོ༌ དཀོན༌མཆོག༌ག༌ ཕུལ༌ཨིན༌ ཟེར༌ཏེ༌ ཞལ༌ཆད༌ ཅོས༌ཏེ༌ ཨིན༌ ཟེར༌ཅེས༌ ལབ༌དུག༌།'
6 ཏེ༌ཟུག༌ ཅོ༌ཅེས༌ནེ༌ ཁྱོ༌ཞ༌གུན༌ནི༌ ཁོང༌གུན༌ལ༌ རང༌ངི༌ ཨ༌བ༌ ཡ༌ ཨ༌མའ༌ རྩི༌ཝ༌ ཅོ༌ མ༌ཅུག༌ག༌ ཨིན༌ནོག༌, ཏེན༌ན༌བོའེ༌ཕིའ༌ ཁྱོ༌ཞ༌རང༌ངི༌ ལམ༌ལུག༌སྲོལ༌ སྲུང༌ཅེས༌སི༌ ནང༌ང༌ ཁྱོ༌ཞའེ༌ དཀོན༌མཆོག༌གི༌ བཀའ༌ ཅགས༌ཏེ༌ ཨིན༌ནོག༌།
7 ཁ༌ཆོས༌པ༌ ཁྱོ༌ཞའེ༌ སྐོར༌ལ༌ དཀོན༌མཆོག༌གི༌ ཡེ༌ཤ༌ཡཱ༌ གྱུད༌ཏེ༌ ལུང༌སྟན༌ སལ༌ཁན༌བོ༌ དེན༌བ༌ ཨིན༌ནོག༌, ཀ༌བོའེ༌ ནང༌ང༌,
8 'འི༌ མི༌གུན༌ནི༌ ཁའ༌ནེ༌ ངའ༌ རྩི༌ཝ༌ ཅོ༌ནའང༌
ཁོང༌གུན༌ནི༌ སྙིང༌གུན༌ ང༌ནེ༌ ཐག༌རིང༌ དུག༌།
9 ཁོང༌གུན༌ནི༌ ངའ༌ ཅོལ༌ཅེས༌པོ༌ ཕན༌མི༌ཐོགས༌ ཨིན༌ནོག༌,
ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ དཀོན༌མཆོག༌གི༌ བཀའ༌ཁྲིམས༌སི༌ ཚབས༌ལ༌
ཁོང༌རང༌གུན༌ནི༌ ཅོ༌ཁན༌ནི༌ ཁྲིམས༌གུན༌ ལབ༌དུག༌'།"
10 ཡེ༌ཤུའི༌ མི༌ཚོགས༌ལ༌ བོད༌ད༌ ཛད༌ཏེ༌ མོལས༌, "ངའེ༌ ཟེར༌ཁན༌བོ༌ ཉན༌ཏེ༌ ཧ༌གོ༌ཅེས༌སི༌ རྩོན༌གྲུས༌ ཅོས༌།
11 ཁའེ༌ ནང༌ང༌ ཆའ༌ཁན༌གུན༌ནི༌ མི༌ ཚི༌ཏུ༌ གྱུར༌ཅུག༌ག༌ མ༌ནོག༌, ཨིན༌ནའང༌ ཁའེ༌ ནང༌ནེ༌ སྤེ༌ར༌ ངན༌པ༌ བིང༌ཁན༌བོའེ༌ ཚི༌ཏུ༌ གྱུར༌ ཅུག༌ག༌ནོག༌།"
12 ཏེ༌ནེ༌ ལོབ༌ཕྲུགས༌གུན༌ ཁོང༌ ཡོད༌ས༌ ཡོངས༌ཏེ༌ ཟེརས༌, "ཉེ༌རང༌ངི༌ མོལ༌ཁན༌བོའེ༌ ཕ༌རུ༌ཤི༌པ༌གུན༌ མ༌སྲན༌ཏྲེ༌ ཁྲེལ༌བ༌ ཆ༌ཅུག༌ཁན༌བོ༌ ཉེ༌རང༌ངི༌ ཁྱེན༌ན༌?"
13 ཡེ༌ཤུའི༌ ལན༌སལས༌, "ངའེ༌ ནམ༌ཁའེ༌ ཡབ༌བི༌ མ༌ཙུག༌ཁན༌ནི༌ ལྕང༌མ༌གུན༌ པ༌ཀྲག༌ནེ༌ ཕུད༌ད༌ ཛད༌ཨིན༌།
14 ཚེར༌ཁའ༌ མ༌ཅོ༌, ཏེ༌ ཕ༌རུ༌ཤི༌པ༌གུན༌ ཞ༌རའ༌ ལམ༌ལྟན༌ཁན༌ནི༌ ཞ༌ར༌གུན༌ ཨིན༌ནོག༌, གལ༌ཏེས༌ ཞ༌ར༌ཞིག༌གི༌ ཞ༌ར༌ཞིག༌ག༌ ལམ༌ལྟན༌ན༌ ཉིས༌ཀོ༌ ས༌དོང༌ངི༌ ནང༌ང༌ བུད༌ཨིན༌།"
15 པི༌ཏྲར༌རི༌ ཟེརས༌, "ང༌ཞ༌གུན༌ལ༌ ཏེ༌ རུངས༌པོ༌ ཧ༌གོ༌ཅུག༌ག༌ ཛད༌དའང༌།"
16 ཡེ༌ཤུའི༌ ཁོང༌གུན༌ལ༌ ཏྲིའ༌ ཛདས༌, "ཏ༌རུང༌ངའང༌ ཁྱོ༌ཞའ༌ ཧ༌མ༌གོའ༌?
17 ཐོང༌ང༌ མི༌དུག༌ག༌, ཁའ༌ནེ༌ ཟའ༌ཁན༌ནི༌ ཟན༌བོ༌ གྲོད༌པའེ༌ ནང༌ང༌ ལེབས༌ཏེ༌ ཟུགས༌པོ༌ནེ༌ ཕི༌ལོག༌ག༌ བིང༌ང༌ནོག༌?
18 ཨིན༌ནའང༌ ཁའ༌ནེ༌ བིང༌ཁན༌ སྤེ༌ར༌ སེམས༌སི༌ ནང༌ནེ༌ བིང༌ཏེ༌ མི༌གུན༌ ཚི༌ཏུ༌ གྱུར༌ ཅུག༌ག༌ནོག༌།
19 ཅིའ༌ཟེར༌ན༌ སམ༌བ༌ ངན༌པ༌, མི༌ སད༌ཅེས༌, རང༌ངི༌ ཞིད༌མད༌ མན༌པ༌ ཞན༌མ༌ ཉམ༌པོ༌ ལུས༌བྲེལ༌, ལུས༌བྲེལ༌ ངན༌པ༌, རྐུ༌ཅེས༌, ཁྲིམས༌ཁུང༌ང༌ ཟུན༌བ༌ སྤང༌པོ༌ ཏང༌ཅེས༌ དང༌ ཞན༌མའེ༌ སྕོད༌པའེ༌ སྐོར༌ལ༌ ངན༌པ༌ ཟེར༌ཅེས༌ གུན༌ སེམས༌སི༌ ནང༌ནེ༌ བིང༌ང༌ནོག༌།
20 ཏེ༌ ཚང༌མའེ༌ མི༌གུན༌ ཚི༌ཏུ༌ གྱུར༌ ཅུག༌ག༌ནོག༌, ཨིན༌ནའང༌ ལག༌པ༌ མ༌ཁྲུའ༌ ཟན༌ ཟའ༌ཅེས༌པོའེ༌ མི༌ ཚི༌ཏུ༌ གྱུར༌ཅུག༌ག༌ མ༌ནོག༌།"
ཀེ༌ནན༌མ༌ཞིག༌གི༌ ཏད༌པ༌།
15:21 ནེ༌ 28
21 ཏེ༌ཀ༌ནེ༌ བིང༌ཏེ༌ གཙོ༌བོ༌ ཡེ༌ཤུ༌ ཏཱ༌ཡིར༌ དང༌ སི༌དཱོན༌ནི༌ གྱལ༌ས༌གུན༌ལ༌ སྐྱོདས༌།
22 ཏེ༌ ཡུལ༌ཇོངས༌སི༌ ཀེ༌ནན༌མ༌ བུ༌མོ༌ཞིག༌ ཁོང༌ ཡོད༌ས༌ ཡོངས༌ཏེ༌ ཀུ༌ཅོ༌ ཏང༌ཨིན༌ ཟེརས༌, "གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌ གཙོ༌བོ༌ལེ༌, ངའེ༌ཀ༌ སྙིང༌རྗེ༌ ཛད༌། ངའེ༌ བུ༌མོའེ༌ ནང༌ང༌ རྡུད༌ ཞུགས༌ཏེ༌ ནགས༌ སྲན༌ཏྲེ༌ ལྟན༌དུག༌།"
23 ཡེ༌ཤུའི༌ ཅའང༌ མ༌མོལས༌། ལོབ༌ཕྲུགས༌གུན༌ ཡེ༌ཤུ༌ ཡོད༌ས༌ ཡོངས༌ཏེ༌ ཟེརས༌, "ཇུ༌ཇུ༌ འི༌ བུ༌མོ༌བོ༌ ལོགས༌ཏེ༌ ལམ༌ཅུག༌ག༌ ཛད༌དའང༌ ཅིའ༌ཟེར༌ན༌ ཁོ༌ ཀུ༌ཅོ༌ ཏང༌ཨིན༌ ང༌དང༌གུན༌ནི༌ གྱབ༌ནེ༌ ཡོང༌དུག༌།"
24 ཡེ༌ཤུའི༌ ཏེ༌ བུ༌མོ༌བོའ༌ ལན༌སལས༌, "ང༌ དཀོན༌མཆོག༌གི༌ ལུག༌ སྟོར༌ཁན༌ ཨིས༌ར༌ཨེལ༌པ༌གུན༌ ཅིག༌པོའེ༌ ཕིའ༌ ཀལ༌ལ༌ ཛད༌ཏེ༌ ཨིན༌།"
25 ཁོ༌ ཁོང༌ངི༌ དུན༌ལ༌ ཡོངས༌ཏེ༌ པིག༌དོང༌ ཙུགས༌ཏེ༌ ཟེརས༌, "གཙོ༌བོ༌ལེ༌, ངའ༌ རོགས༌ ཅོའ༌ ཛད༌དའང༌།"
26 ཡེ༌ཤུའི༌ མོལས༌, "ཕྲུ༌གུའི༌ ཏ༌གི༌བོ༌ ལེན༌ཏེ༌ ཁྱིའ༌ ཕང༌ན༌ མ༌གྲིག༌ག༌ ཨིན༌ནོག༌།"
27 ཁོའེ༌ ལན༌ཏངས༌, "དེན༌བ༌ ཨིན༌ནོག༌ གཙོ༌བོ༌ལེ༌, ཨིན༌ནའང༌ ཁང༌དག༌གི༌ ཅོག༌ཙེ༌ ཀ༌ནེ༌ ཁར༌ཇི༌ བུད༌ཁན༌གུན༌ ཁྱི༌ ཆུ༌ངུན༌གུན༌ནིའང༌ ཟའ༌དུག༌།"
28 ཡེ༌ཤུའི༌ ལན༌སལས༌, "བུ༌མོ༌, ཁྱོ༌རང༌ང༌ ཏད༌པ༌ ཀྲག༌པོ༌ དུག༌། ཁྱོ༌རང༌ངི༌ དོད༌པ༌ ཅོ༌ཁན༌བོ༌ གྲུབ༌ཤིག༌།" ཏེན༌ན༌ ཏུས༌ཚོད༌པོའེ༌ཀ༌ རྡུད༌ བིང༌ཏེ༌ སོང༌ ཡང༌ ཁོའེ༌ བུ༌མོ༌ ཕན༌།
ཡེ༌ཤུའི༌ མི༌ མང༌པོ༌ ཕན༌ཅུག༌ག༌ ཛདས༌།
15:29 ནེ༌ 31
29 གཙོ༌བོ༌ ཡེ༌ཤུ༌ ཏེ༌ཀ༌ནེ༌ ཞངས༌ཏེ༌ གཱ༌ལིལ༌ལིའི༌ ཚོའེ༌ ཐའ༌མ༌ གྱུད༌ཏེ༌ ཀེན༌ལ༌ རི༌ཞིག༌གི༌ཀ༌ སྐྱོད༌ཏེ༌ ཞུགས༌ས༌ ཛདས༌།
30 ཏེ༌རུ༌ ཞ༌འོ༌, ཞ༌ར༌, ཧན༌གྲང༌, ལུས༌སྐྱོན༌བ༌ དང༌ ཞན༌ མང༌པོ༌ ཁྲིད༌ཏེ༌ མི༌ཚོགས༌ ཆེན༌མོ༌ཞིག༌ ཡེ༌ཤུའི༌ དུན༌ལ༌ ཛོམས༌, ཡང༌ ཁོང༌ངི༌ ཁོང༌གུན༌ ཕན༌ཅུག༌ག༌ ཛདས༌།
31 ཧན༌གྲང༌གུན༌ནི༌ སྤེ༌ར༌ ཏང༌ཅེས༌, ཁོངས༌ཁན༌གུན༌ ཁྲངས༌པོ༌ སོང༌ཏེ༌, ཞ༌འོ༌གུན༌ གྲུལ༌ཅེས༌ ཡང༌ ཞ༌ར༌གུན༌ལ༌ ཐོང༌ཅེས༌ མི༌གུན༌ནི༌ ཐོང༌ང༌ཅིག༌ ཁོང༌གུན༌ ཧ༌ལས༌ཏེ༌ ཨིས༌ར༌ཨེལ༌ལི༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལས༌།
ཡེ༌ཤུའི༌ མི༌ སྟོང༌ཞི༌ གྲངས༌ཤུག༌ག༌ ཛདས༌།
15:32 ནེ༌ 39
32 གཙོ༌བོ༌ ཡེ༌ཤུའི༌ ལོབ༌ཕྲུགས༌གུན༌ བོད༌ད༌ ཛད༌ཏེ༌ མོལས༌, "འི༌ མི༌གུན༌ ང༌ ཉམ༌པོ༌ དུགས༌ཏེ༌ ཞག༌མ༌ སུམ༌ སོང༌ ཡང༌ ཟའ༌ཅེས༌ལ༌ ཅའང༌ མེད༌ པ༌སང༌, ང༌ སྙིང༌རྗེའ༌ སྐྱེའ༌རག༌། ངའེ༌ ཁོང༌གུན༌ སྟོག༌རིའ༌ ལམ༌ཅུག༌ཉིན༌ མེ༌རག༌ ཅིའ༌ཟེར༌ན༌ ཁོང༌གུན༌ ལམ༌མ༌ གོ༌ཡོང༌ ཁོར༌ཏེ༌ གྱེལ༌ སྲིད༌ཅེས༌ ཨིན༌ནོག༌།"
33 ཁོང༌ངི༌ ལོབ༌ཕྲུགས༌གུན༌ནི༌ ལན༌ཏངས༌, "ང༌དང༌ང༌ འི༌ མི༌ཚོགས༌ ཆེན༌མོའ༌ ཏང༌ཅེས༌སི༌ ཏ༌གི༌ འི༌ རི༌སྟོང༌ངི༌ ནང༌ང༌ ཀ༌ནེ༌ ཐོབ༌ཨིན༌?"
34 ཡེ༌ཤུའི༌ ཁོང༌གུན༌ལ༌ ཏྲིའ༌ ཛདས༌, "ང༌དང༌ངི༌ ལག༌ག༌ ཏ༌གི༌ ཙམ༌ ཡོད༌།" ཁོང༌གུན༌ནི༌ ལན༌ཏངས༌, "ཏ༌གི༌ རྡུན༌ ཡང༌ ཉ༌ ཆུ༌ངུན༌ ཁ༌ཅིག༌ ཡོད༌ལེ༌།"
35 ཡེ༌ཤུའི༌ མི༌ཚོགས༌པོའ༌ སའེ༌ཀ༌ དུག༌ཅེས༌ལ༌ མོལས༌།
36 ཁོང༌ངི༌ ཏ༌གི༌ རྡུན༌ དང༌ ཉ༌གུན༌ ནམས༌ས༌ ཛད༌ཏེ༌ དཀོན༌མཆོག༌ག༌ ཐུག༌རྗེ༌ཆེ༌ ཞུས༌, ཡང༌ ཏེ༌གུན༌ ཅགས༌ཏེ༌ ལོབ༌ཕྲུགས༌གུན༌ལ༌ སལས༌, ཡང༌ ཁོང༌གུན༌ནི༌ མི༌ཚོགས༌ལ༌ བགོས༌ཏེ༌ ཏངས༌།
37 ཁོང༌ ཚང༌མའེ༌ ཚིམས༌ཚིམས༌ ཟོས༌། སྟིང༌ནེ༌ ལོབ༌ཕྲུགས༌གུན༌ནི༌ ལག༌མ༌ ལུས༌ཁན༌ནི༌ ཏ༌གི༌གུན༌ དུམས༌པ༌ པག༌ཙེ༌ ཆེན༌མོ༌ རྡུན༌ གང༌།
38 བུ༌མོ༌ དང༌ ཕྲུ༌གུ༌གུན༌ མ༌ཐེའ༌ ཁར༌ཇི༌ ཟའ༌ཁན༌ནི༌ མི༌ སྟོང༌ཞི༌ ཡོད༌པིན༌།
39 མི༌ཚོགས༌ ལོགས༌ཏེ༌ ལམ༌ཅུག༌ག༌ ཛད༌ཏེ༌ ཡེ༌ཤུ༌ ལོབ༌ཕྲུགས༌གུན༌ ཉམ༌པོ༌ གྲུ༌ཟིང༌ངི༌ ནང༌ང༌ ཞོན༌ཏེ༌ མ༌ག༌དན༌ནི༌ ཡུལ༌ཇོངས༌ལ༌ སྐྱོདས༌།