10
ཡེ༌ཤུའི༌ སྐུ༌ཚབས༌ ཅུག༌ཉིས༌ སྐོའ༌ ཛདས༌།
10:1 ནེ༌ 4
གཙོ༌བོ༌ ཡེ༌ཤུའི༌ ལོབ༌ཕྲུགས༌ ཅུག༌ཉིས༌པོའ༌ བོད༌ད༌ ཛད༌ཏེ༌, ཁོང༌གུན༌ལ༌ རྡུད༌ ཞུགས༌ཁན༌གུན༌ནི༌ ནང༌ནེ༌ རྡུད༌ ཕིང༌ཅེས༌ དང༌ ནད༌ དང༌ ཟུ༌མོའེ༌ རིགས༌ ཚང༌མ༌ གྱལ༌ཅུག༌ཅེས༌སི༌ ཝང༌ཆ༌ སལ༌ལ༌ ཛདས༌། སྐུ༌ཚབས༌ ཅུག༌ཉིས༌སི༌ མིང༌གུན༌, ཏང༌པོ༌ ཤི༌མོན༌ ༼ཀ༌བོའ༌ པི༌ཏྲར༌རའང༌ ཟེར༌རད༌༽། ཡང༌ ཁོའེ༌ ནོ༌ ཨེན༌གྲིརུ༌, ཟེ༌བེད༌དིའི༌ བུ༌ཚ༌ ཡ༌ཀོབ༌ དང༌ ཁོའེ༌ ནོ༌ ཡོ༌ཧཱ༌ནན༌, ཕི༌ལིབ༌, བར༌ཐོལ༌མཱ༌, ཐོ༌མཱས༌, ཁྲལ༌ལེན༌ཁན༌ མད༌ཐཱ༌, ཨལ༌ཕཱི༌འུས༌སི༌ བུ༌ཚ༌ ཡ༌ཀོབ༌, ཐད༌དཱ༌འུས༌, ཤི༌མོན༌ ༼ཡུལ༌དད༌ཅན༌༽ དང༌ ཡུ༌དཱ༌ ཀར༌ཡོད༌པ༌, ཁོའེ༌ ཡེ༌ཤུའ༌ སྟིང༌ནེ༌ ངོ༌ལོག༌ ཅོས༌།
ཡེ༌ཤུའི༌ སྐུ༌ཚབས༌ ཅུག༌ཉིས༌པོ༌ ལམ༌ཅུག༌ག༌ ཛདས༌།
10:5 ནེ༌ 15
གཙོ༌བོ༌ ཡེ༌ཤུའི༌ སྐུ༌ཚབས༌ ཅུག༌ཉིས༌པོའ༌ འི༌ ལབ༌ཞ༌གུན༌ སལ༌ལ༌ ཛད༌ཏེ༌ ལམ༌ཅུག༌ག༌ ཛདས༌, "ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ཕྲོའ༌ མ༌ཆའ༌ ཡ༌ ས༌མར༌རི༌ཡཱའེ༌ གྲོང༌ཁྱེར༌གུན༌ནི༌ ནང༌ང༌ མ༌ཞུགས༌, དཀོན༌མཆོག༌གི༌ སྟོར༌ཁན༌ནི༌ ལུག༌, ཨིས༌ར༌ཨེལ༌པ༌གུན༌ནི༌ཀ༌ སོང༌། ཁྱོ༌ཞ༌ ཆའ༌ ཟ༌ནེ༌ 'ནམ༌ཁའེ༌ གྱལ༌སྲིད༌ ཉེ༌མོའ༌ དུག༌' ཟེར༌ཨིན༌ ལོན༌ ཟང༌པོ༌བོ༌ ཤོད༌། ཡང༌ ནད༌པ༌གུན༌ གྱལ༌ཅུག༌, ཤི༌ཁན༌གུན༌ སོན༌ཅུག༌, ཛེ༌ནད༌ ཡོང༌ཁན༌གུན༌ གྱལ༌ཅུགས༌ཏེ༌ རྩང༌མ༌ ཅོས༌, རྡུད༌ ཞུགས༌ཁན༌གུན༌ནི༌ ནང༌ནེ༌ རྡུད༌གུན༌ ཕིང༌། ཏེ༌ ཝང༌ཆ༌ ཁྱོ༌ཞ༌གུན༌ལ༌ ཆོན༌ལ༌ ཐོབས༌ཏེ༌ ཨིན༌ པ༌སང༌ ལས༌གུན༌ ཆོན༌ལ༌ ཅོས༌། བེས༌ལ༌ ཆ༌ ཟ༌ནེ༌ ཁོ༌མགས༌སི༌ ནང༌ང༌ སེར༌ ཡ༌ མུལ༌ ཡ༌ ར༌གན༌ནི༌ པེ༌ནེ༌, 10 ཡ༌ ཇོ༌ལ༌ ཡ༌ ཀོས༌ལག༌ ཐེ༌བ༌ ཡ༌ པ༌བུ༌ ཡ༌ གྲུལ༌ཅེས༌སི༌ ཕིའ༌ བེར༌ཀ༌ མ༌ཁུར༌ ཅིའ༌ཟེར༌ན༌ ལས༌ ཅོ༌ཁན༌གུན༌ལ༌ སྒོས༌དོམ༌གུན༌ ཐོབ༌ཅེས༌ འོས༌པ༌ ཨིན༌ནོག༌།"
11 "གྲོང༌ཁྱེར༌ དང༌ གམ༌ཡུལ༌ ཀ༌རུ༌ ལེབ༌ནའང༌, ཐད༌པོ༌ ཉམ༌པོ༌ གའ༌སུས༌ ཞུ༌ཁན༌ཞིག༌ ཙལ༌ཏེ༌ ཏེ༌ གྲོང༌ཁྱེར༌ནེ༌ ཆ༌ཆ༌ ཚག༌པ༌ ཁོའེ༌ ཁང༌པའེ༌ ནང༌ང༌ དུག༌། 12 ཏེ༌ ཁང༌པའེ༌ ནང༌ང༌ ཞུགས༌ ཟ༌ནེ༌ དཀོན༌མཆོག༌ག༌ ཁོང༌གུན༌ལ༌ ཞི༌དེ༌ ཅིན༌ལབས༌ སལ༌ཅེས༌ལ༌ ཞུས༌། 13 གལ༌ཏེས༌ ཁོང༌གུན༌ ཏེ༌བོའེ༌ འོས༌པ༌ ཡོད༌ན༌ དཀོན༌མཆོག༌གི༌ ཞི༌དེ༌ སལ༌ལ༌ ཛད༌ཨིན༌, ཨིན༌ནའང༌ འོས༌པ༌ མེད༌ན༌ ཏེ༌ ཞི༌དེ༌བོ༌ ཁྱོ༌ཞའ༌ ལོགས༌ཏེ༌ ལེབ༌ཨིན༌། 14 གལ༌ཏེས༌ ཁང༌པ༌ ཡ༌ གྲོང༌ཁྱེར༌ཞིག༌གི༌ ནང༌ང༌ སུ༌ཞིག༌གིའང༌ ཁྱོ༌ཞའ༌ གའ༌སུས༌ མ༌ཅོ༌ན༌ ཡ༌ ཁྱོ༌ཞའེ༌ ཟེར༌ཁན༌བོའ༌ མ༌ཉན༌ན༌, ཏེ༌ གྲོང༌ཁྱེར༌ ཡ༌ ཁང༌པ༌ནེ༌ བིང༌ ཟ༌ནེ༌ རང༌ངི༌ པ༌བུའི༌ ཐལ༌བ༌ སྲུག༌། 15 ངའེ༌ ཁྱོ༌ཞ༌གུན༌ལ༌ དེན༌བ༌ ཟེར༌རད༌ དཀོན༌མཆོག༌གི༌ ཁྲིམས༌ཅད༌དི༌ ཞག༌ག༌, སོ༌དོམ༌ དང༌ ག༌མོ༌ར༌ གྲོང༌ཁྱེར༌རི༌ མི༌ངན༌པ༌གུན༌ནི༌ སང༌ ཏེ༌ གྲོང༌ཁྱེར༌རི༌ མི༌གུན༌ལ༌ ཆད༌པ༌ མང༌ང༌ སྲན༌ཏྲེ༌ ཕོག༌ཨིན༌།"
ཡེ༌ཤུའི༌ ལོབ༌ཕྲུགས༌གུན༌ལ༌ རྡུག༌ངལ༌ ཐོང༌ཅེས༌།
10:16 ནེ༌ 25
16 གཙོ༌བོ༌ ཡེ༌ཤུའི༌ མོལས༌, "ངའེ༌ ཁྱོ༌ཞའ༌ ཤང༌ཀུའི༌ ཕྲོའ༌ ལུག༌ ཙོགས༌ལ༌ ལམ༌ཅུག༌གད༌། ཏེ༌བོའེ༌ཕིའ༌ རུལ༌ ཙོགས༌ ཁས༌པ༌ དང༌ ནོད༌པ༌ མ༌ཏང༌ཁན༌ ཕུར༌གོན༌ ཙོགས༌ གྱུར༌། 17 མི༌གུན༌ནི༌ ཀ༌ནེ༌ ཤང༌ ཅོས༌ཏེ༌ དུག༌, ཅིའ༌ཟེར༌ན༌ ཁྱོ༌ཞའ༌ ཏེན༌ན༌ ཡུལ༌ལི༌ ཝང༌སྲུལ༌པ༌གུན༌ནི༌ ལག༌ག༌ སྟད༌ཏེ༌ དུ༌ཁང༌གུན༌ནི༌ ནང༌ང༌ ཁྱོ༌ཞའ༌ རྟལ༌ལྕག༌ གྱབ༌ཅུག༌ཨིན༌། 18 ངའེ༌ཀ༌ ཏད༌པ༌ ཡོད༌ཅེས༌པོའེ༌ ཁྲིམས༌ཅད༌ད༌ལ༌ ཀའ༌ལོན༌ དང༌ གྱལ༌པོ༌ གུན༌ནི༌ཀ༌ ཁྱོ༌ཞའ༌ ཁྱེར༌ཨིན༌། ཏེ༌ཏུས༌ ཁྱོ༌ཞའ༌ ངའ༌ སུ༌ ཨིན༌ཁན༌བོའེ༌ སྤང༌པོ༌ ཝང༌སྲུལ༌པ༌ དང༌ ཏད༌པ༌ མེད༌ཁན༌ གུན༌ལ༌ ཏང༌ཅེས༌སི༌ སྐབས༌ ཐོབ༌ཨིན༌། 19 ཁོང༌གུན༌ནི༌ ཁྱོ༌ཞ༌ ཝང༌སྲུལ༌པའེ༌ ལག༌ག༌ སྟད༌ད༌ཅིག༌, ཅི༌ ཟེར༌ཨིན༌ ཡ༌ ཀ༌ཟུག༌གི༌ ཟེར༌ཨིན༌ སམ༌ཏེ༌ ཚེར༌ མ༌ཚེར༌, ཅིའ༌ཟེར༌ན༌ ཏེན༌ན༌ ཏུས༌ལ༌ ཁྱོ༌ཞའ༌ རེ༌རེའ༌ ཟེར༌ཅེས༌སི༌ ཚིགས༌གུན༌ སལ༌ལ༌ ཛད༌ཨིན༌། 20 ཏེ༌ཏུས༌ སྤེ༌ར༌ ཟེར༌ཁན༌བོ༌ ཁྱོ༌ཞའ༌ མན༌པ༌ ཁྱོ༌ཞའེ༌ ནང༌ང༌ ཡོད༌ཁན༌ནི༌ ཡབ༌ དཀོན༌མཆོག༌གི༌ ཐུག༌ཉིད༌དི༌ ཁྱོ༌ཞའ༌ གྱུད༌ཏེ༌ མོལ༌ལ༌ནོག༌།"
21 "ཨ༌ཅོ༌གུན༌ནི༌ ནོ༌གུན༌ལ༌ ཡང༌ ཨ༌བའེ༌ བུ༌ཚའ༌ ཡང༌ ཕྲུ༌གུའི༌ ཕ༌མ༌གུན༌ལ༌ ངོ༌ལོག༌ ཅོས༌ཏེ༌ སད༌ཅུག༌ཨིན༌། 22 ཁྱོ༌ཞའ༌ ངའེ༌ཀ༌ ཏད༌པ༌ ཡོད༌ཅེས༌པོའེ༌ མི༌ཚང༌མའེ༌ ཁྱོ༌ཞ༌གུན༌ལ༌ ནཕ༌རད༌ ཅོའ༌ནོག༌། ཨིན༌ནའང༌ ཐའ༌མ༌ ཚོག༌པ༌ ཏད༌པའེ༌ ནང༌ང༌ སྟན༌པོ༌ ལུས༌ཁན༌གུན༌ལ༌ དཀོན༌མཆོག༌གི༌ ཐའ༌མེད༌པའེ༌ མི༌ཚེ༌ སལ༌ཨིན༌། 23 ཡུལ༌ཞིག༌གི༌ ནང༌ང༌ ཁྱོ༌ཞའ༌ ནགས༌བར༌དོ༌ ལྟན༌ན༌ ཡང༌ ཡུལ༌ཞིག༌ག༌ ཤོར༌ཏེ༌ སོང༌། ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌, ཨིས༌ར༌ཨེལ༌ལི༌ གྲོང༌ཁྱེར༌ ཚང༌མའེ༌ ནང༌ང༌ ཁྱོ༌ཞའ༌ ལས༌ ཅོ༌ཚར༌རི༌ སང༌ སྔུན༌ལ༌ མི༌རིགས༌སི༌བུ༌ ལོགས༌ཏེ༌ ཡོང༌ཨིན༌།"
24 ཡེ༌ཤུའི༌ མོལས༌, "ལོབ༌ཕྲུགས༌ ལོབ༌པོན༌ནི༌ སང༌ ཆེའ༌, ཡང༌ ཡོག༌པོ༌ སྤོན༌བོའེ༌ སང༌ ཆེའ༌ མ༌ནོག༌། 25 ཨིན༌ནའང༌ ལོབ༌ཕྲུགས༌ ལོབ༌པོན༌ ཙོགས༌ ཡང༌ ཡོག༌པོ༌ སྤོན༌བོ༌ ཙོགས༌ གྱུར༌ཉན༌ན༌ནོག༌། གལ༌ཏེས༌ ངའ༌ སྤོན༌བོ༌ ཨིན༌ ཨིན༌ནའང༌ ངའ༌ བེལ༌ཟེ༌བུལ༌ ཡང༌ན༌ རྡུད༌དི༌ གོ༌བ༌ ཟེར༌རད༌ན༌, ཏེ༌ནེ༌ ཁྱོ༌ཞའ༌ ངའེ༌ ལོབ༌ཕྲུགས༌ ཨིན༌ཅེས༌པོའེ༌ མང༌ང༌ ངན༌པ༌ མི༌ཟེར༌ར༌?"
མི༌གུན༌ལ༌ མན༌པ༌ དཀོན༌མཆོག༌ག༌ ཇིག༌།
10:26 ནེ༌ 33
26 "ཁྱོ༌ཞའ༌ ཇིགས༌ནང༌ ལྟན༌ཁན༌གུན༌ལ༌ མ༌ཇིགས༌, ཅིའ༌ཟེར༌ན༌ ཏུས༌པོ༌ ལེབ༌ཨིན༌ ནམ༌ དཀོན༌མཆོག༌གི༌ ཀབས༌ཏེ༌ བོར༌ཁན༌ ཚང༌མ༌ ཕིང༌ང༌ ཛད༌ཨིན༌ ཡ༌ སྦས༌ཏེ༌ བོར༌ཁན༌ ཚང༌མ༌ མི༌གུན༌ལ༌ སྔོན༌ ཅུག༌ག༌ ཛད༌ཨིན༌། 27 ངའེ༌ ཁྱོ༌ཞ༌གུན༌ལ༌ མུན༌གྲིག༌གི༌ ནང༌ང༌ ཤད༌ཁན༌གུན༌ ཉི༌མའེ༌ འོད༌དི༌ ནང༌ང༌ ཤོད༌, ཁྱོ༌ཞའེ༌ ནམ༌ཅོག༌གི༌ ནང༌ང༌ ཤུབས༌ཏེ༌ ངའེ༌ ཤད༌ཁན༌གུན༌ ཁང༌པའེ༌ ཁེ༌ཐོག༌ནེ༌ ཀུ༌ཅོ༌ ཏངས༌ཏེ༌ ཤོད༌།"
28 "སེམས༌ཉིད༌ མན༌པ༌ ལུས༌ ཅིག༌པོ༌ སད༌ ཉན༌ཁན༌གུན༌ལ༌ མ༌ཇིགས༌, ཨིན༌ནའང༌ ཉལ༌ཝའེ༌ ནང༌ང༌ ཕངས༌ཏེ༌ ལུས༌ དང༌ སེམས༌ཉིད༌ ཉིས༌ཀོ༌ མེད༌ཁན༌ ཛད༌ཉན༌ཁན༌ནི༌ དཀོན༌མཆོག༌ག༌ ཇིགས༌། 29 ཅི༌པ༌ ཉིས༌ པེན༌ཆུང༌ ཅིག༌ག༌ ཙོང༌ང༌ མི༌དུག༌ག༌? ཨིན༌ནའང༌ ནམ༌ཚོག༌པ༌ ནམ༌ཁའེ༌ ཡབ༌བི༌ གོངས༌པ༌ མི༌སལ༌ ཅི༌པ༌ ཅིག༌གའང༌ སའེ༌ཀ༌ མི༌བུད༌། 30 ཁྱོ༌ཞའེ༌ གོའེ༌ཀ༌ ཡོད༌ཁན༌ནི༌ སྲའེ༌ ཀྲངས༌ཀའང༌ ཁོང༌ངི༌ ཁྱེན༌ན༌ ཛད༌ད༌ནོག༌། 31 ཏེན༌ན༌བོའེ༌ཕིའ༌ ཇིགས༌ མ༌ཇིགས༌, དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ཅི༌པ༌ མང༌པོའེ༌ སང༌ ཁྱོ༌ཞའ༌ ཅིག༌ མང༌ང༌ རིན༌ཆེའ༌ ཨིན༌ནོག༌།"
32 "མི༌གུན༌ནི༌ དུན༌ལ༌, ཡེ༌ཤུ༌ ངའེ༌ གཙོ༌བོ༌ ཨིན༌ ཟེར༌ཁན༌ ཚང༌མའ༌ ངེའང༌ ངའེ༌ ཡབ༌ ནམ༌ཁའེ༌ ནང༌ང༌ ཞུགས༌ཁན༌ནི༌ སྐུན༌དུན༌ལ༌ ཁོང༌གུན༌ ངའེ༌ དེན༌བའེ༌ ལོབ༌ཕྲུགས༌ ཨིན༌ ཟེར༌ཨིན༌། 33 ཨིན༌ནའང༌ མི༌གུན༌ནི༌ དུན༌ལ༌ ངའ༌ མི༌ཤེས༌ཟུན༌ ཏང༌ཁན༌ ཚང༌མའ༌ ངེའང༌ ངའེ༌ ཡབ༌ ནམ༌ཁའེ༌ ནང༌ང༌ ཞུགས༌ཁན༌ནི༌ སྐུན༌དུན༌ལ༌ ཁོང༌གུན༌ མི༌ཤེས༌ ཟེར༌ཨིན༌།"
ཞི༌དེ༌ མན༌པ༌ ནོལ༌ཅེས༌།
10:34 ནེ༌ 39
34 "ཁྱོ༌ཞའེ༌ ང༌ ཇིག༌རྟེན༌ནི༌ཀ༌ ཞི༌དེ༌ ཁྱོང༌ང༌ ཡོངས༌ཏེ༌ ཨིན༌ནོག༌ མ༌སམ༌། ང༌ ཞི༌དེ༌ མན༌པ༌ ནོལ༌ཅུག༌ག༌ལ༌ ཡོངས༌ཏེ༌ ཨིན༌། 35 ཅིའ༌ཟེར༌ན༌, ངའ༌ ཏད༌པ༌ ཅོ༌ཅེས༌པོའེ༌
བུ༌ཚའེ༌ རང༌ངི༌ ཨ༌བའ༌ ངོ༌ལོག༌ ཅོ༌ཨིན༌,
ཡང༌ བུ༌མོའེ༌ རང༌ངི༌ ཨ༌མའ༌ ངོ༌ལོག༌ ཅོ༌ཨིན༌,
ཡང༌ བུ༌ཚའེ༌ ན༌མའེ༌ རང༌ངི༌ མག༌པའེ༌ ཨ༌མའ༌ ངོ༌ལོག༌ ཅོ༌ཨིན༌,
36 མི༌ཞིག༌གི༌ གྲ༌འོ༌, ཁོ༌རང༌ངི༌ ནང༌མི༌གུན༌ གྱུར༌ཨིན༌། 37 རང༌ངི༌ ཨ༌བ༌ ཡ༌ ཨ༌མའ༌ ངའེ༌ སང༌ མང༌ང༌ ཡ༌ཤ༌ ཅོ༌ཁན༌བོ༌ ངའེ༌ ལོབ༌ཕྲུགས༌ གྱུར༌ཅེས༌སི༌ འོས༌པ༌ མན༌, ཡང༌ རང༌ངི༌ བུ༌ཚ༌ ཡ༌ བུ༌མོའ༌ ངའེ༌ སང༌ མང༌ང༌ ཡ༌ཤ༌ ཅོ༌ཁན༌བོ༌ ངའེ༌ ལོབ༌ཕྲུགས༌ གྱུར༌ཅེས༌སི༌ འོས༌པ༌ མན༌། 38 རང༌ངི༌ རྡུག༌ངལ༌ལི༌ རྐྱང༌ཤིང༌ ཁུར༌ཏེ༌ ངའེ༌ སྟིང༌ནེ༌ མ༌བྲངས༌ཁན༌བོ༌ ངའེ༌ ལོབ༌ཕྲུགས༌ གྱུར༌ཅེས༌སི༌ འོས༌པ༌ མན༌། 39 རང༌སྲོག༌ ཐམས༌ཏེ༌ དུག༌ཁན༌གུན༌ནི༌ དེན༌བའེ༌ མི༌ཚེ༌ སྐྱལ༌ཨིན༌, ཨིན༌ནའང༌ ངའེ༌ ཕིའ༌ ཁོ༌རང༌ངི༌ སྲོག༌ སྐྱལ༌ཁན༌གུན༌ལ༌ དེན༌བའེ༌ མི༌ཚེ༌བོ༌ ཐོབ༌ཨིན༌།"
སོལ༌རས༌།
10:40 ནེ༌ 42
40 "ཁྱོ༌ཞའ༌ གའ༌སུས༌ ཅོ༌ཁན༌གུན༌ནི༌ ངའ༌ གའ༌སུས༌ ཅོས༌ཏེ༌ ཨིན༌ནོག༌, ཡང༌ ངའ༌ གའ༌སུས༌ ཅོ༌ཁན༌གུན༌ནི༌, ང༌ ཀལ༌ལ༌ ཛད༌ཁན༌བོའ༌ གའ༌སུས༌ ཞུས༌ཏེ༌ ཨིན༌ནོག༌། 41 དཀོན༌མཆོག༌གི༌ བཀའ༌ ཤད༌ཁན༌ ཨིན༌ཅེས༌པོའེ༌ ལུང༌སྟོན༌པ༌ གའ༌སུས༌ ཞུ༌ཁན༌གུན༌ལ༌ ལུང༌སྟོན༌པ༌ ཐོབ༌ཁན༌ ཙོགས༌ སོལ༌རས༌ ཐོབ༌ཨིན༌། ཡང༌ དྲང༌པོ༌ ཨིན༌ཅེས༌པོའེ༌ མི༌ཞིག༌ག༌ གའ༌སུས༌ ཞུ༌ཁན༌གུན༌ལ༌ མི༌ དྲང༌པོ༌ཞིག༌ག༌ ཐོབ༌ཁན༌ ཙོགས༌ སོལ༌རས༌ ཐོབ༌ཨིན༌། 42 ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌ ངའེ༌ ལོབ༌ཕྲུགས༌ ཉམ༌ཤུང༌ཞིག༌ག༌ ཆུ༌ གྲང༌མོ༌ ཀོ༌རེ༌ གང༌ ཏང༌ཁན༌གུན༌ལ༌ ཏན༌ཏན༌ལ༌ སོལ༌རས༌ སལ༌ལ༌ ཛད༌ཨིན༌།"