10
ན༌མ༌ ཅད༌ཅེས༌སི༌ སྐོར༌ལ༌ གྲོས༌དུར༌།
10:1 ནེ༌ 12
གཙོ༌བོ༌ ཡེ༌ཤུ༌ ཀ༌ཕར༌ན༌ཧུམ༌ནེ༌ བིང༌ཏེ༌ ཡ༌ཧུ༌དཱའེ༌ ཡུལ༌ཇོངས༌ དང༌ ཡོར༌དཱན༌ ལྩངས༌པོའེ༌ ཕར༌ཀ༌ སྐྱོདས༌། ཡང༌སྐྱར༌ མི༌ཚོགས༌ ཁོང༌ ཡོད༌ས༌ ཛོམས༌, ཡང༌ ལོབས༌ ནང༌ཞིན༌ ཁོང༌ངི༌ ཁོང༌གུན༌ལ༌ ལབ༌བ༌ ཛདས༌།
ཚོད༌ལྟ༌ཅེས༌ལ༌ ཕ༌རུ༌ཤི༌པ༌ ཁ༌ཅིག༌ ཁོང༌ ཡོད༌ས༌ ཡོངས༌ཏེ༌ ཏྲིས༌, "བུ༌ཚ༌ཞིག༌ག༌ ཁྲིམས༌ ནང༌ཞིན༌ ཁོ༌རང༌ངི༌ ན༌མ༌ ཅད༌ ཆོག༌ག༌ནོག༌ག༌?"
ཡེ༌ཤུའི༌ ལན༌སལ༌ལ༌ ཛདས༌, "ན༌མ༌ ཅད༌ཅས༌སི༌ སྐོར༌ལ༌ ལུང༌སྟོན༌པ༌ མོ༌ཟེས༌སི༌ ཁྲིམས༌སི༌ ནང༌ང༌ ཅི༌ བྲིས༌ཏེ༌ དུག༌?"
ཁོང༌གུན༌ནི༌ ལན༌ཏངས༌, "མོ༌ཟེས༌སི༌ ན༌མའ༌ ཅད༌ཁན༌ནི༌ ལག༌ཁྱེར༌ ཏངས༌ཏེ༌ བུ༌ཚ༌ཞིག༌ག༌ ན༌མ༌ ཅད༌ཅེས༌སི༌ གོངས༌པ༌ སལ༌དུག༌།"
ཨིན༌ནའང༌ ཡེ༌ཤུའི༌ ལན༌སལས༌, "མོ༌ཟེས༌སི༌ འི༌ ཁྲིམས༌པོ༌ ཁྱོ༌ཞའེ༌ ཕ༌མེས༌པོ༌གུན༌ནི༌ སྙིང༌ སྐྱོང༌པོ༌ ཡོད༌ཅེས༌པོའེ༌ བྲིས༌ཏེ༌ ཨིན༌ནོག༌། ཨིན༌ནའང༌ གོ༌ཟུག༌གི༌ཀ༌ ཅི༌ཚང༌མ༌ ཛད༌ ཟ༌ནེ༌, དཀོན༌མཆོག༌གི༌ 'བུ༌ཚ༌ དང༌ བུ༌མོ༌ ཅོའ༌ ཛདས༌། *' 'ཏེན༌ན༌ གྱུན༌ཚན༌བོའེ༌ ཕིའ༌ བུ༌ཚ༌ ཁོ༌རང༌ངི༌ ཨ༌བ༌ དང༌ ཨ༌མ༌ནེ༌ བེ༌ཏེ༌ ཁོ༌རང༌ངི༌ ན༌མ༌ ཉམ༌པོ༌ ཛོམས༌ཏེ༌ ཁོང༌ ཉིས༌ཀོ༌ ཟུགས༌པོ༌ ཅིག༌ གྱུར༌ར༌ནོག༌ ' ཏ༌ ཁོང༌གུན༌ ཉིས༌ མན༌པ༌ ཅིག༌ ཨིན༌ནོག༌། ཏེ༌བོའེ༌ཕིའ༌ དཀོན༌མཆོག༌གི༌ ཅིག༌ ཛད༌ཁན༌བོ༌ སུ༌ཞིག༌གའང༌ ཕེ༌ མ༌ཅུག༌།"
10 ཡེ༌ཤུ༌ ཁོང༌རང༌ངི༌ ལོབ༌ཕྲུགས༌གུན༌ ཉམ༌པོ༌ ཁང༌པའེ༌ ནང༌ང༌ ཞུགས༌ཏེ༌ ཡོད༌ཏུས༌, ཁོང༌གུན༌ནི༌ ཁོང༌ང༌ ཏེ༌བོའེ༌ སྐོར༌ལ༌ ཏྲིས༌། 11 ཁོང༌ངི༌ ཁོང༌གུན༌ལ༌ མོལས༌, "ཁོ༌རང༌ངི༌ ན༌མ༌ ཅད༌ཏེ༌ ཞན༌ བུ༌མོ༌ཞིག༌ ཉམ༌པོ༌ ན༌མ༌ ཅོ༌ཁན༌བོའེ༌ ཁོ༌རང༌ངི༌ ན༌མའེ༌ གྱབ༌གལ༌ལ༌ ལོག༌ཡེམ༌ ཅོས༌ཏེ༌ ཨིན༌ནོག༌ 12 ཡང༌ གལ༌ཏེས༌ བུ༌མོ༌ཞིག༌གི༌ ཁོ༌རང༌ངི༌ མག༌པ༌ ཅད༌ཏེ༌ ཞན༌ཞིག༌ ཉམ༌པོ༌ བག༌མ༌ ཅོ༌ན༌, ཁོའེ༌ ལོག༌ཡེམ༌ ཅོས༌ཏེ༌ ཨིན༌ནོག༌།"
ཡེ༌ཤུའི༌ ཕྲུ༌གུ༌གུན༌ལ༌ ཅིན༌ལབས༌ སལ༌ལ༌ ཛདས༌།
10:13 ནེ༌ 16
13 ཕ༌མ༌གུན༌ནི༌ ཕྲུ༌གུ༌ ཆུ༌ངུན༌གུན༌ གཙོ༌བོ༌ ཡེ༌ཤུའི༌ ཆག༌རྩེའ༌ ཛད༌ཏེ༌ ཅིན༌ལབས༌ སལ༌ཅེས༌ལ༌ ཁྱོངས༌། ཨིན༌ནའང༌ ཁོང༌ངི༌ ལོབ༌ཕྲུགས༌གུན༌ནི༌ ཕ༌མ༌གུན༌ལ༌ ཡེ༌ཤུའ༌ འོབ༌གྱལ༌ ལྟན༌ པ༌སང༌ ཁའ༌སྐྱེས༌།
14 ཏེ༌བོ༌ ཟིགས༌ཏེ༌ ཡེ༌ཤུའ༌ ཐུགས༌སྲོ༌ སྐྱོདས༌ ཡང༌ ཁོང༌གུན༌ལ༌ མོལས༌, "ཕྲུ༌གུ༌ ཆུ༌ངུན༌གུན༌ སྒག༌ མ༌སྒག༌ག༌ ང༌ ཡོད༌ས༌ ཡོང༌ཅུག༌, འི༌ཙོགས༌གུན༌ནི༌ ཕིའ༌ དཀོན༌མཆོག༌གི༌ གྱལ༌སྲིད༌པོ༌ ཨིན༌། 15 ངའེ༌ ཁྱོ༌ཞའ༌ དེན༌བ༌ ཟེར༌རད༌ དཀོན༌མཆོག༌གི༌ གྱལ༌སྲིད༌, ཕྲུ༌གུ༌ ཆུ༌ངུན༌གུན༌ ཙོགས༌ལ༌ ལེན༌ཏེ༌ མ༌ནེ༌ ཏེ༌ནང༌ང༌ ཞུགས༌ མི༌ཉན༌།" 16 ཏེ༌ནེ༌ ཁོང༌ངི༌ ཕྲུ༌གུ༌གུན༌ ཁོང༌རང༌ངི༌ དུན༌ལ༌ ཁྱོང༌ང༌ ཛདས༌, ཡང༌ ཁོང༌གུན༌ནི༌ཀ༌ ཆག༌ བོར༌ར༌ ཛད༌ཏེ༌ ཅིན༌ལབས༌ སལ༌ལ༌ ཛདས༌།
མི༌ ཆུག༌པོ༌།
10:17 ནེ༌ 31
17 གཙོ༌བོ༌ ཡེ༌ཤུ༌ ལམ༌ནེ༌ སྐྱོད༌ ཟ༌ནེ༌, མི༌ཞིག༌ བང༌ཏང༌ཨིན༌ ཡོངས༌ཏེ༌ ཁོང༌ངི༌ དུན༌ལ༌ པིག༌དོང༌ ཙུགས༌ཏེ༌ ཏྲིས༌, "ལོབ༌པོན༌ ཟང༌པོ༌ལེ༌, ཐའ༌མེད༌པའེ༌ མི༌ཚེ༌ ནོར༌སྐལ༌ལ༌ ཐོབ༌ཅེས༌སི༌ ཕིའ༌ ངའེ༌ ཅི༌ ཅོ༌གོས༌?"
18 ཡེ༌ཤུའི༌ ཏྲིའ༌ ཛདས༌, "ཅི༌ཕིའ༌ ཁྱོ༌རང༌ངི༌ ངའ༌ ཟང༌པོ༌ ཟེར༌རད༌? དཀོན༌མཆོག༌ ཅིག༌པོ༌ མ༌སྟོག༌ སུའང༌ ཟང༌པོ༌ མན༌།" 19 ཏེ༌ནེ༌ ཡེ༌ཤུའི༌ ཁོའེ༌ ཏྲི༌ཝའ༌ ལན༌སལས༌, "ཁྱོ༌རང༌ང༌ བཀའ༌རྒྱ༌གུན༌ ཤེས༌ས༌ནོག༌; 'མི༌ མ༌སད༌, རང༌ངི༌ ཞིད༌མད༌ མན༌པ༌ ཞན༌མ༌ ཉམ༌པོ༌ ལུས༌བྲེལ༌ མ༌ཅོ༌, རྐུ༌མ༌རྐུ༌, སྤང༌པོ༌ ཟུན༌བ༌ མ༌ཏང༌, གོབ༌སྐོར༌ཏེ༌ པེ༌ནེ༌ མ༌ཁྱེར༌, ཨ༌བ༌ དང༌ ཨ༌མའ༌ རྩི༌ཝ༌ ཅོས༌། §"
20 ཁོའེ༌ ལན༌ཏངས༌, "ལོབ༌པོན༌ལེ༌, ཏེ༌ ཚང༌མ༌ ངའེ༌ ཆུང༌ཏུས༌ནེ༌ ཕར༌ལ༌ སྲུངས༌ཏེ༌ ཨིན༌།"
21 ཡེ༌ཤུའི༌ ཁོའ༌ ཟིགས༌ཏེ༌ ཁོའེ༌ཀ༌ ཅམས༌པ༌ སྐྱེས༌ ཡང༌ མོལས༌, "ཏ༌རུང༌ ཁྱོ༌རང༌ང༌ ཅོ༌གོ༌ཤེས༌ ཅིག༌ ལུས༌ཏེ༌ དུག༌། སོང༌ ཡང༌ ཁྱོ༌རང༌ངི༌ གྱུ༌ནོར༌ ཚང༌མ༌ ཙོངས༌ཏེ༌ པེ༌ནེ༌བོ༌ ཉལ༌བ༌ཅན༌གུན༌ལ༌ ཏོང༌, ནམ༌ཁའེ༌ ནང༌ང༌ ཁྱོ༌རང༌ང༌ བང༌ཛོད༌ ཐོབ༌ཨིན༌། ཏེ༌ནེ༌ ཡོངས༌ཏེ༌ ངའེ༌ གྱབ༌ནེ༌ བྲོངས༌།"
22 ཏེ༌བོ༌ ཚོར༌ར༌ཅིག༌ ཁོའེ༌ གོ༌ སྒུས༌ ཡང༌ ཚེར༌ཁའ༌ ཡོངས༌ཏེ༌ སོང༌, ཅིའ༌ཟེར༌ན༌ ཁོ༌ མ༌ཆུག༌པོ༌ ཡོད༌པིན༌།
23 ཡེ༌ཤུའི༌ ཁོང༌ང༌ སྐོར༌ཁན༌ནི༌ མི༌ཚོགས༌ལ༌ ཟིགས༌ ཡང༌ ལོབ༌ཕྲུགས༌གུན༌ལ༌ མོལས༌, "ཆུག༌པོ༌གུན༌ དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ནང༌ང༌ ལེབ༌ཅེས༌ ཙམ༌ཤིག༌གི༌ ཀགས༌པོ༌ མ༌ནོག༌།" 24 ཏེ༌བོ༌ ཚོར༌ཏེ༌ ཁོང༌གུན༌ མ༌ ཧ༌ལས༌། ཨིན༌ནའང༌ ཡེ༌ཤུའི༌ ཡང༌སྐྱར༌ མོལས༌, "ཅེས༌པའེ༌ ཕྲུ༌གུ༌གུན༌ དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ནང༌ང༌ ལེབ༌ཅེས༌ མ༌ ཀགས༌པོ༌ ཨིན༌ནོག༌། 25 མི༌ ཆུག༌པོ༌ དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ནང༌ང༌ ལེབ༌ཅེས༌སི༌ སང༌ ཁབ༌བི༌ མིག༌ནེ༌ རྔ༌བོང༌ བིང༌ཅེས༌པོ༌, ལ༌མོ༌ ཆེན༌།"
26 ལོབ༌ཕྲུགས༌གུན༌ མང༌ང༌ ཧ༌ལས༌ཏེ༌ ཏྲིས༌, "ཏེ༌ནེ༌ སུའ༌ ཐར༌པ༌ ཐོབ༌ཨིན༌།"
27 ཡེ༌ཤུའི༌ ཁོང༌གུན༌ལ༌ ཟིགས༌ཏེ༌ མོལས༌, "འི༌བོ༌ མིའ༌ ཅོ༌ མ༌ནེ༌ མི༌ཉན༌, ཨིན༌ནའང༌ དཀོན༌མཆོག༌ག༌ ཅི༌ཚང༌མ༌ ཛད༌ ཉན༌ན༌ནོག༌།"
28 པི༌ཏྲར༌རི༌ ཡེ༌ཤུའ༌ ཟེརས༌, "ང༌ཞའེ༌ ཅི༌ཚང༌མ༌ ཕངས༌ཏེ༌, ཉེ༌རང༌ང༌ བྲངས༌ཏེ༌ ཨིན༌།
29 ཡེ༌ཤུའི༌ ལན༌སལས༌, "ངའེ༌ དེན༌བ༌ ཟེར༌རད༌, ངའ༌ ཡ༌ གའ༌མོའེ༌ ནས༌ཚུལ༌ལི༌ ཏོན༌ལ༌ ཁང༌པ༌ ཡ༌ ཨ༌ཅོ༌ནོ༌ ཡ༌ ཨ༌ཅེ༌ ནོ༌མོ༌ ཡ༌ ཨ༌བ༌ ཡ༌ ཨ༌མ༌ ཡ༌ ཕྲུ༌གུ༌ ཡ༌ ཞིང༌ ཕངས༌ཁན༌ ཚང༌མ༌ལ༌ 30 འིན༌ན༌ མི༌ཚེ༌ ནང༌ང༌, ཁང༌པ༌, ཨ༌ཅོ༌ནོ༌, ཨ༌ཅེ༌ ནོ༌མོ༌, ཨ༌བ༌, ཨ༌མ༌, ཕྲུ༌གུ༌, ཞིང༌ གུན༌ནི༌ གྱ༌ལྡབ༌ མ༌ཚད༌ མི༌གུན༌ནི༌ ནགས༌བར༌དོ༌ ལྟན༌ཨིན༌, ཡང༌ དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ཏུས༌ལ༌ ཐའ༌མེད༌པའེ༌ མི༌ཚེ༌ ཐོབ༌ཨིན༌། 31 ཨིན༌ནའང༌ དག༌ས༌ གོའ༌ ཡོད༌ཁན༌ མང༌པོ༌ སྟིང༌ཇུག༌ག༌ ལུས༌ཨིན༌ ཡང༌ དག༌ས༌ སྟིང༌ཇུག༌གི༌ཀ༌ ཡོད༌ཁན༌ མང༌པོ༌ གོའ༌ ལེབ༌ཨིན༌།"
ཡེ༌ཤུའི༌ ཡང༌སྐྱར༌ ཁོང༌རང༌ ཀྲོང༌ཤེས༌སི༌ སྐོར༌ལ༌ ཤད༌ད༌ ཛདས༌།
10:32 ནེ༌ 34
32 གཙོ༌བོ༌ ཡེ༌ཤུའི༌ གོ༌ ཛད༌ཏེ༌ ཁོང༌གུན༌ ཀེན༌ལ༌ ཡེ༌རུ༌ཤ༌ལེམ༌མི༌ གྱལ༌ས༌ སྐྱོད༌ཨིན༌ ཡོད༌པ༌ ལོབ༌ཕྲུགས༌གུན༌ ཧ༌ལས༌ ཡང༌ ཁོང༌ངི༌ གྱབ༌ནེ༌ བྲངས༌ཏེ༌ ཡོང༌ཁན༌གུན༌ ཇིགས༌སད༌པིན༌། ཡེ༌ཤུའི༌, ཁོང༌རང༌ངི༌ ལོབ༌ཕྲུགས༌ ཅུག༌ཉིས༌པོ༌ སོ༌སོ༌ ཁྱེར༌ཏེ༌ ཁོང༌ ཉམ༌པོ༌ བྱུང༌ཅེས༌གུན༌ ཤད༌ད༌ ཛདས༌, 33 "ཉོན༌ཤིག༌, ང༌དང༌གུན༌ ཀེན༌ལ༌ ཡེ༌རུ༌ཤ༌ལེམ༌མ༌ ཆ༌ཅེས༌ ཨིན༌ནོག༌, མི༌རིགས༌སི༌བུ༌ བླ༌མ༌ འུ༌སྐྱོང༌ དང༌ ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ནི༌ ལག༌ག༌ སྟད༌ཨིན༌ ཡང༌ ཁོང༌གུན༌ནི༌ ཁོའ༌ ཤི༌ཅེས༌སི༌ ཆད༌པ༌ ཅད༌ཏེ༌ ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ནི༌ ལག༌ག༌ སྟད༌ཨིན༌། 34 ཏེ༌ནེ༌ ཁོང༌གུན༌ནི༌ ཁོའ༌ ཁྲེལ༌བ༌ ལྟན༌ཏེ༌, ཆིལ༌མག༌ དང༌ རྟལ༌ལྕག༌ གྱབས༌ཏེ༌ སད༌ཨིན༌, ཡང༌ ཞག༌མ༌ སུམ༌མི༌ སྟིང༌ནེ༌ ཡང༌སྐྱར༌ སོན༌ཏེའ༌ ལང༌ཨིན༌།"
ཡ༌ཀོབ༌ དང༌ ཡོ༌ཧཱ༌ནན༌ནི༌ ཞུ༌ཝ༌།
10:35 ནེ༌ 45
35 ཏེ༌ནེ༌ ཟེ༌བེད༌དིའི༌ བུ༌ཚ༌ ཡ༌ཀོབ༌ དང༌ ཡོ༌ཧཱ༌ནན༌ ཡེ༌ཤུ༌ ཡོད༌ས༌ ཡོངས༌ཏེ༌ ཟེརས༌, "ལོབ༌པོན༌ལེ༌, ཉེ༌རང༌ངི༌ ང༌ཞའེ༌ ཞུ༌ཝ༌ ཞུ༌ཅེས༌པོ༌ ཅོའ༌ ཛད༌དའང༌།"
36 ཁོང༌ངི༌ ཏྲིའ༌ ཛདས༌, "ཁྱོ༌ཞའེ༌ ཕིའ༌ ངའེ༌ ཅི༌ ཅོ༌?"
37 ཁོང༌གུན༌ནི༌ ལན༌ཏངས༌, "ཉེ༌རང༌ ཉེ༌རང༌ངི༌ ཟིར༌རྗིད༌ཅན༌ནི༌ ཞུགས༌ཁྲིས༌སི༌ཀ༌ ཞུགས༌ ཟ༌ནེ༌, ང༌ཞའ༌ ཉེ༌རང༌ངི༌ ཆག༌ ཡས༌པ༌ དང༌ ཡོ༌མའེ༌ རྩི༌ཝ༌ཅན༌ ཀོ༌སའེ༌ཀ༌ དུག༌ ཅུག༌ག༌ ཛད༌ལེ༌།"
38 ཨིན༌ནའང༌ ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ཁྱོ༌ཞའེ༌ ཞུ༌ཝ༌ ཕུལ༌ཁན༌བོ༌ ཁྱོ༌ཞའ༌ ཧ༌མ༌གོའ༌ ཨིན༌ནོག༌, ང༌ ཐུང༌ཅེས༌ཅན༌ནི༌ རྡུག༌ངལ༌ལི༌ ཀོ༌རེ༌བོ༌ ཁྱོ༌ཞའེ༌ ཐུང༌ཉན༌ཅེས༌ རག༌ག༌ ཡ༌ རྡུག༌ངལ༌ལི༌ ཁྲུས༌ ངའེ༌ ལེན༌ཅེས༌ཅན༌བོ༌ ཁྱོ༌ཞའེ༌ ལེན༌ ཉན༌ཅེས༌ རག༌ག༌?"
39 ཁོང༌གུན༌ནི༌ ཟེརས༌, "ཉན༌ཅེས༌རག༌ལེ༌།"
ཏེ༌ནེ༌ ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "ཁྱོ༌ཞ༌གུན༌ནི༌ ཏན༌ཏན༌ལ༌ ངའེ༌ རྡུག༌ངལ༌ལི༌ ཀོ༌རེ༌ ནང༌ནེ༌ ཐུང༌ཨིན༌ ཡང༌ རྡུག༌ངལ༌ལི༌ ཁྲུས༌ ངའེ༌ ལེན༌ཅེས༌ཅན༌བོ༌ ཉམ༌པོ༌ ཁྱོ༌ཞའེ༌ ཁྲུས༌ལེན༌ཨིན༌། 40 ཨིན༌ནའང༌ ངའེ༌ ཡས༌པ༌ དང༌ ཡོ༌མའེ༌ཀ༌ དུག༌ཅུག༌ཅེས༌སི༌ ཝང༌ཆ༌ ངའ༌ མེད༌། དཀོན༌མཆོག༌གི༌ ཏེ༌ ནས༌ས༌གུན༌ ལྡམ༌མ༌ ཛད༌ཁན༌གུན༌ནི༌ ཕིའ༌ གྲལ༌གྲིག༌ ཛད༌ཏེ༌ ཨིན༌།"
41 ཏེ༌བོ༌ ཚོར༌ར༌ཅིག༌, ཞན༌ ལོབ༌ཕྲུགས༌ རྕུ༌བོའ༌ ཡ༌ཀོབ༌ དང༌ ཡོ༌ཧཱ༌ནན༌ནི༌ཀ༌ སྲོ༌ ཡོངས༌། 42 ཡེ༌ཤུའི༌ ཁོང༌ ཚང༌མའ༌ བོད༌ད༌ ཛད༌ཏེ༌ མོལས༌, "ཁྱོ༌ཞའ༌ གྱུས༌མེད༌ད༌? ཡ༌ཧུ༌དཱ༌པ༌ མན༌ཁན༌ ཝང༌སྲུལ༌པ༌གུན༌ནི༌ ཁོ༌རང༌ངི༌ ཡུལ༌མི༌གུན༌ནི༌ཀ༌ སྙིང༌རྗེ༌ མེད༌པ༌ ཝང༌སྲུལ༌ལ༌ནོག༌, ཡང༌ ཁོང༌གུན༌ནི༌ ལོན༌པོ༌གུན༌ནིའང༌ མི༌གུན༌ལ༌ སྲན༌ཏྲེ༌ ནགས༌ ལྟན༌ཨིན༌ ཝང༌སྲུལ༌ལ༌ནོག༌། 43 ཁྱོ༌ཞའེ༌ ནང༌ང༌ ཏེ༌ཙོགས༌ ཡོང༌ མ༌གོས༌། ཁྱོ༌ཞའེ༌ ཕྲོ༌ནེ༌ ཀྲག༌པོ༌ གྱུར༌ཉིན༌ ཡོད༌ཁན༌བོ༌ ཞན༌མ༌གུན༌ནི༌ ཡོག༌པོ༌ གྱུར༌གོས༌, 44 ཡང༌ ཁྱོ༌ཞའེ༌ ཕྲོ༌ནེ༌ གོའ༌ ལེབ༌ཉིན༌ ཡོད༌ཁན༌བོ༌ ཞན༌ ཚང༌མའེ༌ ཚེ༌ཡོག༌ གྱུར༌གོས༌། 45 ཀ༌ཟུག༌ མི༌རིགས༌སི༌བུ༌ ཞབ༌སྟོག༌ ཞུ༌ཅུག༌ཅེས༌ལ༌ མན༌པ༌ ཞབ༌སྟོག༌ ཞུའ༌ལ༌ ཡོངས༌པིན༌, ཡང༌ མི༌ མང༌པོའེ༌ སྲོག༌རིན༌ ཤལ༌ཅེས༌ལ༌ ཁོང༌རང༌ངི༌ སྲོག༌ ཏང༌ཨིན༌།"
བར༌ཏི༌མུས༌ ཟེར༌ཁན༌ནི༌ ཞ༌ར༌ ཕན༌ཅུག༌ག༌ ཛདས༌།
10:46 ནེ༌ 52
46 ཁོང༌གུན༌ ཡེ༌རི༌ཀོའེ༌ གྲོང༌ཁྱེར༌ལ༌ ལེབ༌། གཙོ༌བོ༌ ཡེ༌ཤུ༌, ཁོང༌ངི༌ ལོབ༌ཕྲུགས༌གུན༌ དང༌ མི༌ཚོགས༌ ཆེན༌མོ༌ཞིག༌ ཡེ༌རི༌ཀོ༌ནེ༌ བིངས༌ཏེ༌ སྐྱོད༌ ཟ༌ནེ༌, ཏི༌མ༌འུས༌སི༌ བུ༌ཚ༌ བར༌ཏི༌མུས༌ ཞ༌ར༌བོ༌ ལམ༌མི༌ ཐའ༌མ༌ ལྩང༌ང༌ལ༌ དུགས༌ཏེ༌ ཡོད༌པིན༌། 47 བར༌ཏི༌མུས༌སི༌ ན༌ཙ༌རེད༌པ༌ ཡེ༌ཤུ༌ སྐྱོད༌ཨིན༌ ཨིན༌ནོག༌ ཟེར༌ཏེ༌ ཚོར༌ར༌ཅིག༌, ཁོའེ༌ ཀུ༌ཅོ༌ ཏང༌ཅེས༌ གོ༌ཟུགས༌ཏེ༌ ཟེརས༌, "ཡེ༌ཤུ༌, གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌ ངའེ༌ཀ༌ སྙིང༌རྗེ༌ ཛད༌།"
48 མི༌ མང༌པོའེ༌ ཁོའ༌ ཁའ༌སྐྱེས༌ཏེ༌ ཅུབ༌ཅོད༌ ཟེརས༌, ཨིན༌ནའང༌ ཁོའེ༌ མང༌ང༌ ཀུ༌ཅོ༌ ཏངས༌ཏེ༌ ཟེརས༌, "གྱལ༌པོ༌ དཱ༌བིད༌དི༌ པུར༌གྱུད༌, ངའེ༌ཀ༌ སྙིང༌རྗེ༌ ཛད༌དའང༌།"
49 ཡེ༌ཤུ༌ སྲུང༌ང༌ ཛདས༌ ཡང༌ མོལས༌, "ཁོའ༌ འི༌ཀ༌ བོད༌།" ཏེ༌ནེ༌ ཁོང༌གུན༌ནི༌ ཞ༌ར༌བོའ༌ བོད༌ཏེ༌ ཟེརས༌, "ཐད༌པོ༌ ཅོས༌, ལོངས༌, ཁོང༌ངི༌ ཁྱོ༌རང༌ང༌ བོད༌ད༌ ཛད༌དུག༌།" 50 བར༌ཏི༌མུས༌སི༌ ཁོ༌རང༌ངི༌ ཀོས༌པོ༌ ཐའ༌མ༌ ཕངས༌, ཆོམས༌ཏེ༌ ཁོ༌རང༌ངི༌ རྐང༌པའེ༌ཀ༌ ལངས༌ ཡང༌ ཡེ༌ཤུ༌ ཡོད༌ས༌ ཡོངས༌།
51 ཡེ༌ཤུའི༌ ཁོའ༌ ཏྲིའ༌ ཛདས༌, "ངའེ༌ ཁྱོ༌རང༌ངི༌ ཕིའ༌ ཅི༌ ཅོ༌?" ཞ༌ར༌བོའེ༌ ཟེརས༌, "ལོབ༌པོན༌ལེ༌, ངའ༌ ཡང༌སྐྱར༌ ཐོང༌ ཅུག༌ག༌ ཛད༌།"
52 ཡེ༌ཤུའི༌ ཁོའ༌ མོལས༌, "སོང༌ ཁྱོ༌རང༌ངི༌ ཏད༌པའེ༌ ཁྱོ༌རང༌ ཕན༌ཅུགས༌ཏེ༌ ཨིན༌།" ཏེན༌ན༌མལ༌ལ༌ ཁོའ༌ ཐོང༌ཐུབ༌, ཡང༌ ཁོ༌ ཏེན༌ན༌ ལམ༌ནེ༌ ཡེ༌ཤུའ༌ བྲངས༌ཏེ༌ སོང༌།
* 10:6 10:6 གོ༌ཟུག༌ ཟེར༌ཁན༌ནི༌ སྤེ༌ཆའེ༌ 1:27 10:8 10:8 གོ༌ཟུག༌ ཟེར༌ཁན༌ནི༌ སྤེ༌ཆའེ༌ 2:24 10:11 10:11 འི༌བོའེ༌ ཏོན༌ ནི༌ རང༌ངི༌ ཞིད༌མད༌ མན༌པ༌ ཞན༌མ༌ ཉམ༌པོ༌ ལུས༌བྲེལ༌ ཅོ༌ཅེས༌ § 10:19 10:19 ཨི༌ཇིབ༌ནེ༌ བིངས༌ཏེ༌ ཆའ༌ཁན༌ནི༌ སྤེ༌ཆའེ༌ 20:12 ནེ༌ 16