14
ཡེ༌ཤུའི༌ ཤབ༌བད༌དི༌ ཞག༌ག༌ ནད༌པ༌ཞིག༌ ཕན༌ཅུག༌ག༌ ཛདས༌།
14:1 ནེ༌ 14
ཤབ༌བད༌དི༌ ངལ༌ཚོའེ༌ ཞག༌ཤིག༌ག༌ ཡེ༌ཤུ༌ ཕ༌རུ༌ཤི༌པའེ༌ སྤོན༌བོ༌ཞིག༌གི༌ ཁང༌པ༌ དོན༌ཏང༌ང༌ སྐྱོདས༌, ཕ༌རུ༌ཤི༌པ༌གུན༌ནི༌ ཁོང༌ང༌ ཞིབ༌ཅ༌ ཅོས༌ཏེ༌ སྟེན༌དུགས༌། ཡེ༌ཤུའི༌ དུན༌ལ༌ རྐང༌ལག༌ག༌ ཆུ༌ ཞུགས༌ཁན༌ནི༌ ནད༌པ༌ཞིག༌ ཡོད༌པིན༌། ཡེ༌ཤུའི༌ ཕ༌རུ༌ཤི༌པ༌གུན༌ དང༌ ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ལ༌ མོལས༌, "ཤབ༌བད༌དི༌ ཞག༌ག༌ ཆོས༌ཁྲིམས༌ ནང༌ཞིན༌ ནད༌ནེ༌ ཕན༌ཅུག༌ན༌ གྲིགས༌ཏེ༌ ཨིན༌ནོག༌ག༌ ཡ༌ མ༌ནོག༌?" ཨིན༌ནའང༌ ཁོང༌གུན༌ནི༌ ཅའང༌ ལན༌ མ༌ཏངས༌། ཁོང༌ངི༌ ཁོའ༌ ཆག༌རྩེའ༌ ཛད༌ཏེ༌ ཕན༌ཅུག༌ག༌ ཛདས༌, ཡང༌ ཁོ༌ ཁོ༌རང༌ངི༌ ཁང༌པ༌ ལམ༌ཅུག༌ག༌ ཛདས༌། ཏེ༌ནེ༌ ཡེ༌ཤུའི༌ ཁོང༌གུན༌ལ༌ མོལས༌, "གལ༌ཏེས༌ ཤབ༌བད༌དི༌ ཞག༌ག༌ ཁྱོ༌ཞའ༌ ཅིག༌གི༌ ཕྲུ༌གུ༌ ཡ༌ ལང༌ཏོ༌ ཆུ༌དོང༌ངི༌ ནང༌ང༌ བུད༌ན༌, ཁྱོ༌ཞའེ༌ ཏེན༌ན༌མལ༌ལ༌ ཁོ༌ ཕིང༌ མི༌ ཕིང༌ང༌?" ཡང༌སྐྱར༌ ཁོང༌གུན༌ནི༌ ལན༌ ཏང༌ མ༌ཉན༌།
གྲོན༌པོ༌གུན༌ནི༌ གྲལ༌གོའ༌ ཙལ༌ཁན༌བོ༌ ཡེ༌ཤུའི༌ ཟིགས༌ས༌ཅིག༌ ཁོང༌ངི༌ འི༌ རུངས༌པོ༌ ཤད༌ད༌ ཛདས༌, "མི༌ཞིག༌གི༌ ཁྱོ༌རང༌ང༌ བག༌སྟོན༌ནི༌ གྲོན༌ལ༌ བོད༌ན༌, གྲལ༌གོའེ༌ཀ༌ མི༌དུག༌, ཅི༌ གྱུས༌, གྲོན༌ ཏང༌ཁན༌བོའེ༌ ཁྱོ༌རང༌ངི༌ སང༌ ཁག༌ཅན༌ གྲོན༌པོ༌ཞིག༌ བོད༌ཏེ༌ ཡོད༌གྲོ༌། གལ༌ཏེས༌ ཡོད༌ན༌ ཁྱོ༌ཞའ༌ ཉིས༌ཀོའ༌ གྲོན༌ ཏང༌ཁན༌བོ༌ ཡོངས༌ཏེ༌ ཁྱོ༌རང༌ང༌ 'ཁྱོ༌རང༌ དུག༌ཁན༌ནི༌ ནས༌ས༌ འི༌ མི༌བོའ༌ ཏོང༌' ཟེར༌ན༌ ཁྱོ༌རང༌ ཁྲེལ༌བ༌ ཆེན༌ ཡང༌ ཁྱོ༌རང༌ གྲལ༌ལི༌ ཇུག༌ག༌ ཆ༌གོས༌ཨིན༌།"
10 "ཨིན༌ནའང༌ ཁྱོ༌རང༌ང༌ གྲོན༌ལ༌ བོད༌ན༌ སོང༌ཏེ༌ གྲལ༌ལི༌ ཇུག༌ག༌ དུག༌། གྲོན༌ལ༌ བོད༌ཁན༌བོ༌ ཡོངས༌ཏེ༌ ཁྱོ༌རང༌ང༌, 'ཛ༌འོ༌ གྲལ༌གོའ༌ སྐྱོད༌' ཟེར༌ཨིན༌། ཏེ༌ནེ༌ ཞན༌མ༌ གྲོན༌པོ༌ ཚང༌མའེ༌ དུན༌ལ༌ ཁྱོ༌རང༌ང༌ རྩི༌ཝ༌ ཐོབ༌ཨིན༌། 11 ཀྲག༌པོ༌ ལྟན༌ཁན༌ ཚང༌མ༌ པས༌མོ༌ ཅོའ༌ ཛད༌ཨིན༌ ཡང༌ ཁོ༌རང༌ པས༌མོ༌ བོར༌ཁན༌བོའ༌ རྩི༌ཝ༌ སལ༌ལ༌ ཛད༌ཨིན༌།"
12 ཏེ༌ནེ༌ ཡེ༌ཤུའི༌ གྲོན༌ ཏང༌ཁན༌བོའ༌ མོལས༌, "ཁྱོ༌རང༌ངི༌ ཛ༌ར༌ ཡ༌ གོང༌ཟན༌ ཏང༌ ཟ༌ནེ༌ རང༌ངི༌ ཛ༌འོ༌གུན༌, ཡ༌ ཨ༌ཅོ༌ ཡ༌ ནོ༌, ཡ༌ ཉེན༌གྲུང༌ ཡ༌ ཁྱིམ༌ཚེས༌ ཆུག༌པོ༌གུན༌ལ༌ མ༌བོད༌། གལ༌ཏེས༌ བོད༌ན༌, ཁོང༌གུན༌ནི༌ ཁྱོ༌རང༌ང༌ གྲོན༌ ལན༌ཏངས༌ཏེ༌ ཁྱོ༌རང༌ངི༌ ཏྲིན༌ལན༌ ལོག༌སྲིད༌ཅེས༌ ཨིན༌ནོག༌། 13 ཨིན༌ནའང༌ ཁྱོ༌རང༌ངི༌ གྲོན༌ ཏང༌ ཟ༌ནེ༌ ཉལ༌བ༌ཅན༌, ལུས༌སྐྱོན༌བ༌, ཞ༌འོ༌ དང༌ ཞ༌ར༌ གུན༌ལ༌ བོད༌། 14 ཏེ༌ནེ༌ ཁྱོ༌རང༌ང༌ ཅིན༌ལབས༌ ཐོབ༌ཨིན༌། ཁོང༌གུན༌ནི༌ གྲོན༌ ལན༌ཏང༌ མ༌ཐུབ༌ནའང༌ དཀོན༌མཆོག༌གི༌ མི༌ དྲང༌པོ༌གུན༌ སོན༌ཏེའ༌ ལང༌ཅུག༌ག༌ ཛད༌ ཟ༌ནེ༌ ཁྱོ༌རང༌ང༌ སོལ༌རས༌ སལ༌ཨིན༌།"
གྲོན༌ ཆེན༌མོ༌ཞིག༌གི༌ རུངས༌།
14:15 ནེ༌ 24
15 ཏེ༌བོ༌ ཚོར༌ཏེ༌ གྲོན༌པོ༌ ཅིག༌གི༌ ཡེ༌ཤུའ༌ ཟེརས༌, "དཀོན༌མཆོག༌གི༌ གྱལ༌སྲིད༌དི༌ ནང༌ང༌ གྲོན༌ ཟའ༌ཁན༌གུན༌ ཅིན༌ལབས༌ཅན༌ ཨིན༌ནོག༌།"
16 ཨིན༌ནའང༌ ཡེ༌ཤུའི༌ ལན༌སལས༌, "མི༌ཞིག༌གི༌ གྲོན༌ ཆེན༌མོ༌ ཏང༌ཅེས༌ གྲལ༌གྲིག༌ ཅོས༌ཏེ༌ གྲོན༌པོ༌ མང༌པོའ༌ བོདས༌། 17 དོན༌ཏང༌ གྲུབ༌བ༌ཅིག༌ བོད༌ཏེ༌ ཡོད༌ཁན༌གུན༌ལ༌, 'ཡོང༌ཤིག༌, དོན༌ཏང༌ གྲུབ༌ཏེ༌ ཡོད༌' ཟེར༌ཏེ༌ བོད༌ད༌ ཁོ༌རང༌ངི༌ ཡོག༌པོ༌གུན༌ ལམ༌ཅུགས༌། 18 ཨིན༌ནའང༌ ཁོང༌ ཚང༌མའེ༌ ཉད༌ཏག༌ཅེས༌ གོ༌ཟུགས༌ཏེ༌ ཏང༌པོ༌ མི༌བོའེ༌ ཟེརས༌, 'ངའེ༌ དག༌ས༌རང༌ ཞིང༌ཞིག༌ ཉོས༌པིན༌, ཏེ༌བོའ༌ ལྟའ༌ལ༌ ཆ༌གོས༌སད༌, ཇུ༌ཇུ༌ ང༌ གོངས༌པ༌ སལ༌།' 19 ཞན༌ཞིག༌གི༌ ཟེརས༌, 'ངའེ༌ ལང༌ཏོ༌ ཆ༌ལྔ༌ ཉོས༌པིན༌, ཏེ༌གུན༌ ཞིང༌ངི༌ཀ༌ ཀོལ༌ཏེ༌ ལྟའ༌ལ༌ ཆ༌གོས༌སད༌, ཇུ༌ཇུ༌ ང༌ གོངས༌པ༌ སལ༌།' 20 ཞན༌ཞིག༌གི༌ ཟེརས༌, 'ངའེ༌ དག༌ས༌རང༌ ན༌མ༌ ཅོས༌པིན༌ ང༌ ཡོང༌ཉན༌ཅེས༌ མེ༌རག༌།' "
21 "ཏེ༌ནེ༌ ཡོག༌པོ༌བོ༌ ལོག༌ཏེ༌ ཡོངས༌ཏེ༌ སྤོན༌བོའ༌ ཏེ༌གུན༌ ཤད༌། སྤོན༌བོའ༌ སྲོ༌ མ༌སྲན༌ཏྲེ༌ ཡོངས༌ ཡང༌ ཡོག༌པོའ༌ ཟེརས༌, 'གྱོགས༌པ༌ གྲོང༌ཁྱེར༌རི༌ ལམ༌ དང༌ སྲང༌ གུན༌ལ༌ སོང༌ཏེ༌ ཉལ༌བ༌ཅན༌, ལུས༌སྐྱོན༌བ༌, ཞ༌ར༌ དང༌ ཞ༌འོ༌ གུན༌ ཁྱོང༌།' 22 ཡོག༌པོའེ༌ ཟེརས༌, 'སྤོན༌བོ༌ལེ༌, ཉེ༌རང༌ངི༌ མོལ༌ཁན༌ ནང༌ཞིན༌ ཅོས༌པིན༌, ཨིན༌ནའང༌ ཏ༌རུང༌ངའང༌ ནས༌ས༌ སྟོང༌པ༌ དུག༌།' 23 ཏེ༌ནེ༌ སྤོན༌བོའེ༌ ཡོག༌པོ༌བོའ༌ ཟེརས༌, 'ངའེ༌ ཁང༌པ༌ གང༌ཅུག༌ཅེས༌ལ༌ གྲོང༌ཁྱེར༌ནེ༌ ཕི༌ལོག༌གི༌ ལམ༌ དང༌ སྲང༌ གུན༌ལ༌ སོང༌ཏེ༌ ཏེ༌རུ༌ ཡོད༌ཁན༌གུན༌ བོད༌ཏེ༌ ཁྱོང༌། 24 ངའེ༌ ཁྱོ༌རང༌ང༌ ཟེར༌རད༌, གྲོན༌ལ༌ བོད༌ཁན༌གུན༌ནི༌ ནང༌ནེ༌ ཅིག༌གའང༌ ངའེ༌ གྲལ༌གྲིག༌ ཅོས༌ཁན༌ནི༌ གྲོན༌ནི༌ ཁར༌ཇི༌ ཉང༌ཅེས༌སི༌ སྐབས༌ མི༌ཐོབ༌།' "
ཡེ༌ཤུའི༌ ལོབ༌ཕྲུགས༌ གྱུར༌ཅེས༌ལ༌ ཅི༌ཚང༌མ༌ ཕང༌གོས༌།
14:25 ནེ༌ 35
25 མི༌ཚོགས༌ ཆེན༌མོ༌ཞིག༌ ཡེ༌ཤུའི༌ སྟིང༌རང༌ནེ༌ ཡོངས༌, ཡང༌ ཁོང༌གུན༌ནི༌ ཆོགས༌ལ༌ གྱུར༌ཏེ༌ ཁོང༌ངི༌ མོལས༌, 26 "ངའེ༌ སྟིང༌རང༌ནེ༌ ཡོང༌དུག༌ ཨིན༌ནའང༌ རང༌ངི༌ ཨ༌བ༌, ཨ༌མ༌, ན༌མ༌, ཕྲུ༌གུ༌, མིང༌སྲིང༌ མ༌ཚད༌ རང༌ངི༌ སྲོག༌གའང༌ ངའེ༌ སང༌ མང༌ང༌ ཡ༌ཤ༌ ཅོ༌ཁན༌བོ༌ ངའེ༌ ལོབ༌ཕྲུགས༌ གྱུར༌ མི༌ཉན༌། 27 ཡང༌ རང༌ངི༌ རྡུག༌ངལ༌ལི༌ རྐྱང༌ཤིང༌ ཁུར༌ཏེ༌ ངའེ༌ སྟིང༌ནེ༌ མ༌བྲངས༌ཁན༌བོ༌ ངའེ༌ ལོབ༌ཕྲུགས༌ གྱུར༌ མི༌ཉན༌།"
28 "གལ༌ཏེས༌ ཁྱོ༌ཞ༌ ཅིག༌གི༌ ཁང༌པ༌ ཀྲག༌པོ༌ཞིག༌ རྩིག༌ཨིན༌ སམ༌ན༌, སྔུན༌ལ༌ དུགས༌ཏེ༌ ཏེ༌བོ༌ རྩིག༌ཅེས༌སི༌ སྒོས༌དོམ༌མི༌ པེ༌ནེ༌ ཁོ༌རང༌ངི༌ ལག༌ག༌ དུག༌ག༌ མི༌དུག༌ མི༌ལྟའ༌? 29 ཏེ༌ མན༌ན༌ མག༌ལྡན༌ ཏིངས༌ཏེ༌ ཁང༌པ༌ གང༌པོ༌ གྲུབ༌ མི༌ཐུབ༌, ཏེ༌ནེ༌ ཏེ༌བོ༌ ཐོང༌ཁན༌ ཚང༌མའེ༌ ཧབ༌གོད༌ ཏངས༌ཏེ༌ ཟེར༌ཨིན༌ 30 'འི༌ མི༌བོའེ༌ ཁར༌ རྩིག༌ཅེས༌ ཅོས༌པ༌ ཨིན༌ནའང༌ གྲུབ༌ མ༌ཐུབ༌'།"
31 "ཡ༌ མག༌མི༌ སྟོང༌ཅུ༌ ཡོད༌ཁན༌ནི༌ གྱལ༌པོའེ༌, མག༌མི༌ སྟོང༌ཉི༌ཤུ༌ ཁྲིད༌ཏེ༌ ཡོང༌ཁན༌ནི༌ གྱལ༌པོའེ༌ གྱབ༌གལ༌ལ༌ མག༌ཏང༌ང༌ ཆའེ༌ སང༌ སྔུན༌ལ༌ ཁོའེ༌ ལག༌ག༌ ཏེ༌ གྱལ༌པོ༌བོའ༌ ཕམ༌ཀལ༌ཅེས༌སི༌ ཁྱུད༌ དུག༌ག༌ མི༌དུག༌ ལྟའ༌ མི༌ལྟའ༌? 32 གལ༌ཏེས༌ ཁྱུད༌ མེད༌ན༌ ཁོའེ༌ ཏ༌རུང༌ ཐག༌རིང༌ང༌ ཡོད༌ཁན༌ནི༌ གྲ༌འོའ༌ ཞི༌དེ༌ ཕིའ༌ ནང༌གྲིག༌ ཅོ༌ཅེས༌ལ༌ ཐུས༌མི༌གུན༌ ཀལ༌ཨིན༌། 33 ཏེན༌ན༌ ཙོགས༌ལ༌ ཁྱོ༌ཞ༌གུན༌ནི༌ ཡོད༌ཁན༌ ཚང༌མ༌ སྤང༌ མ༌སྤང༌ན༌ ཁྱོ༌ཞའ༌ ངའེ༌ ལོབ༌ཕྲུགས༌ གྱུར༌ མི༌ཉན༌།"
34 ཚཱ༌ ཕན༌ཐོགས༌ཅན༌ ཨིན༌ནོག༌, ཨིན༌ནའང༌ གལ༌ཏེས༌ ཚཱའེ༌ བྲོད༌པོ༌ ཡོལ༌ན༌ ཏེ༌བོ༌ ཀ༌ཟུག༌གི༌ ལོགས༌ཏེ༌ ཁྱོང༌ཨིན༌? 35 ཏེ༌ ཚཱའ༌ ཞིང༌ངི༌ ནང༌ང༌ ཡ༌ ལུད༌ལའང༌ མི༌ཕན༌, ཏེ༌བོ༌ ཕི༌ལོག༌ག༌ ཕང༌ཨིན༌། ནམ༌ཅོག༌ ཡོད༌ཁན༌གུན༌ནི༌ ངའེ༌ ཟེར༌ཁན༌ལ༌ ཉོན༌ཤིག༌།"