19
ཡེ༌ཤུའ༌ སད༌ཅེས༌སི༌ ཆད༌པ༌ ཕོག༌།
19:1 ནེ༌ 16a
ཏེ༌ནེ༌ ཀའ༌ལོན༌ པི༌ལ༌ཏུའི༌ གཙོ༌བོ༌ ཡེ༌ཤུའ༌ རྟལ༌ལྕག༌ གྱབ༌ཅེས༌སི༌ བཀའ༌ ཏངས༌། མག༌མི༌གུན༌ནི༌ ཚེར༌མའེ༌ ཐོར༌ཤོག༌ སླས༌ཏེ༌ ཁོང༌ངི༌ ཨུའ༌ སྐོནས༌ ཡང༌ གྱལ༌པོའེ༌ ནམ༌ཟའ༌ མར༌པོ༌ ཙོགས༌ ཁོང༌ང༌ སྐོནས༌། ཁོང༌གུན༌ ལན༌ མང༌པོ༌ ཁོང༌ངི༌ དུན༌ལ༌ ཡོང༌ཨིན༌, "ཡ༌ཧུ༌དཱ༌པའེ༌ གྱལ༌པོའ༌ ཆག༌ཚལ༌" ཟེར༌ཨིན༌ ཙིག༌པ༌ སྲགས༌ཏེ, ཁོང༌ང༌ གྲམ༌ལྕགས༌ ཏངས༌།
པི༌ལ༌ཏུ༌ ཡང༌ ལན༌ཅིག༌ ཕི༌ལོག༌ག༌ ཡོངས༌ཏེ༌ ཡ༌ཧུ༌དཱ༌པ༌གུན༌ལ༌ ཟེརས༌, "ལྟོས༌ཤིག༌ ང༌ ཁོའེ༌ ནང༌ང༌ སྐྱོན༌ ཀལ༌ཅེས༌སི༌ གྱུན༌ཚན༌ཞིག༌ མ༌ཐོབ༌ཁན༌བོ༌ ཁྱོ༌ཞ༌གུན༌ལ༌ ཧ༌གོ༌ཅུག༌ཅེས༌སི༌ ཕིའ༌ ངའེ༌ ཁོ༌ ཕི༌ལོག༌ག༌ ཁྱོ༌ཞའེ༌ དུན༌ལ༌ ཁྱོང༌ངད༌། ཏེ༌ནེ༌ ཡེ༌ཤུ༌ ཚེར༌མའེ༌ ཐོར༌ཤོག༌ དང༌ ནམ༌ཟའ༌ མར༌པོ༌ ནམས༌ཏེ༌ ཕི༌ལོག༌ག༌ སྐྱོད༌ད༌ཅིག༌, པི༌ལ༌ཏུའི༌ ཡ༌ཧུ༌དཱ༌པ༌གུན༌ལ༌ ཟེརས༌, "ཏེན༌ན༌ མི༌བོའ༌ ལྟོས༌།"
བླ༌མ༌ འུ༌སྐྱོང༌གུན༌ དང༌ ཁོང༌ སྲུང༌ཁན༌གུན༌ནི༌ ཡེ༌ཤུ༌ ཐོང༌ང༌ཅིག༌ ཀུ༌ཅོ༌ ཏང༌ཨིན༌ ཟེརས༌, "ཁོ༌ རྐྱང༌ཤིང༌ང༌ རྐྱོང༌, རྐྱང༌ཤིང༌ང༌ རྐྱོང༌" ཏེ༌བོ༌ ཚོར༌ར༌ཅིག༌ པི༌ལ༌ཏུའི༌ ཁོང༌གུན༌ལ༌ ཟེརས༌, "ངའ༌ ཁོ༌ རྐྱང༌ཤིང༌ང༌ རྐྱང༌ཅེས༌སི༌ ཅའང༌ གྱུན༌ཚན༌ཞིག༌ མ༌ཐོབ༌ ཁྱོ༌ཞ༌རང༌ངི༌ ཁྱེར༌ཏེ༌ ཁོ༌ རྐྱང༌ཤིང༌ང༌ རྐྱོང༌ཤིག༌།"
ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ འུ༌ཙུག༌ ཏང༌ཨིན༌ ཟེརས༌, "ང༌ཞའ༌ བཀའ༌ཁྲིམས༌ཤིག༌ ཡོད༌, ཏེ༌ ནང༌ཞིན༌ལ༌ ཁོ༌ ཤི༌གོས༌, ཅིའ༌ཟེར༌ན༌ ཁོའེ༌ ཁོ༌རང༌ དཀོན༌མཆོག༌གི༌ སྲས༌ ཨིན༌ ཟེར༌དུག༌།"
ཏེ༌བོ༌ ཚོར༌ར༌ཅིག༌ པི༌ལ༌ཏུ༌ སྔུན༌ནི༌ སང༌ མང༌ང༌ ཇིགས༌། ལོགས༌ཏེ༌ ཁར༌རི༌ ནང༌ང༌ སོང༌ ཡང༌ ཁོའེ༌ ཡེ༌ཤུའ༌ ཟེརས༌, "ཁྱོ༌རང༌ ཀ༌ནེ༌ ཨིན༌?" ཨིན༌ནའང༌ ཡེ༌ཤུའི༌ ཁོའ༌ ཅའང༌ ལན༌ མ༌སལས༌། 10 "ཅི༌ ཁྱོ༌རང༌ངི༌ ང༌ ལན༌ཏང༌ང༌ མེད༌ད༌? ང༌ ཁྱོ༌རང༌ ཕུད༌ཏང༌ཅེས༌ ཡ༌ རྐྱང༌ཤིང༌ང༌ རྐྱང༌ཅེས༌སི༌ ཝང༌ ཡོད༌ཁན༌བོ༌ ཁྱོ༌རང༌ང༌ གྱུས༌མེད༌ད༌?"
11 ཡེ༌ཤུའི༌ ཁོའ༌ ལན༌སལས༌, "དཀོན༌མཆོག༌གི༌ མ༌སལ༌པིན༌ན༌ ཁྱོ༌རང༌ང༌ ངའེ༌ཀ༌ འི༌ ཝང༌བོ༌ མ༌ནེ༌ མེད༌གྲོ༌, ཨིན༌ནའང༌ ང༌ ཁྱོ༌རང༌ངི༌ ལག༌ག༌ སྟད༌ཁན༌བོའ༌ ཁྱོ༌རང༌ངི༌ སང༌ ཆེའ༌ སྡིག༌པའེ༌ སྐྱོན༌ ཕོག༌ཏེ༌ ཨིན༌ནོག༌།"
12 ཏེ༌ སྟིང༌ནེ༌ པི༌ལ༌ཏུའི༌ ཡེ༌ཤུ༌ ཕུད༌ཅེས༌སི༌ རྩོན༌གྲུས༌ ཅོས༌, ཨིན༌ནའང༌ ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ ཀུ༌ཅོ༌ ཏང༌ཨིན༌ ཟེརས༌, "གལ༌ཏེས༌ ཉེ༌རང༌ངི༌ འི༌ མི༌བོ༌ ཕུད༌ན༌, ཉེ༌རང༌ རོམ༌མི༌ གྱལ༌པོའེ༌ ཛ༌འོ༌ མ༌ནོག༌། ཁོ༌རང༌ གྱལ༌པོ༌ ཨིན༌ ཟེར༌ཁན༌གུན༌ རོམ༌མི༌ གྱལ༌པོའེ༌ གྲ༌འོ༌ ཨིན༌ནོག༌"
13 ཏེ༌བོ༌ ཚོར༌ར༌ཅིག༌ པི༌ལ༌ཏུའི༌ མག༌མི༌གུན༌ལ༌ བཀའ༌ ཏངས༌ཏེ༌, ཡེ༌ཤུ༌ ཕི༌ལོག༌ག༌ ཁྱོངས༌ ཡང༌ ཀའ༌ལོན༌ ཁོ༌རང༌ ཁྲིམས༌པོན༌ནི༌ ཁྲིས༌སི༌ཀ༌ དུགས༌། ཏེ༌ ནས༌ས༌བོའ༌ རྡོའེ༌ལམ༌ ཟེར༌རད༌པིན༌ ༼ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ ག༌བ༌ཐཱ༌ ཟེར༌ར༌ནོག༌༽། 14 ཏེ༌ཏུས༌པོ༌ པེ༌སག༌གི༌ གྲལ༌གྲིག༌ ཅོ༌ཅེས༌སི༌ ཞག༌གི༌ ཉིང༌གུང༌ ཨིན༌པིན༌, པི༌ལ༌ཏུའི༌ ཡ༌ཧུ༌དཱ༌པ༌གུན༌ལ༌ ཟེརས༌, "ལྟོས༌ཤིག༌, ཁྱོ༌ཞའེ༌ གྱལ༌པོ༌།"
15 ཨིན༌ནའང༌ ཁོང༌གུན༌ནི༌ ཀུ༌ཅོ༌ ཏང༌ཨིན༌ ཟེརས༌, "ཁོ༌ ཁྱེར༌, ཁྱེར༌ཏེ༌ ཁོ༌ རྐྱང༌ཤིང༌ང༌ རྐྱོང༌།"
པི༌ལ༌ཏུའི༌ ཁོང༌གུན༌ལ༌ ཟེརས༌, "ཁྱོ༌ཞ༌རང༌ངི༌ གྱལ༌པོ༌བོ༌ རྐྱང༌ཤིང༌ང༌ རྐྱང༌ང༌?"
བླ༌མ༌ འུ༌སྐྱོང༌གུན༌ནི༌ ཟེརས༌, "ང༌ཞའ༌ རོམ༌མི༌ གྱལ༌པོ༌ མན༌པ༌ ཞན༌ གྱལ༌པོ༌ སུའང༌ མེད༌།"
16 ཏེ༌ནེ༌ པི༌ལ༌ཏུའི༌ ཁོང༌གུན༌ནི༌ དོད༌པ༌ ནང༌ཞིན༌ ཡེ༌ཤུ༌ རྐྱང༌ཤིང༌ངི༌ཀ༌ རྐྱང༌ཅེས༌ལ༌ མག༌མི༌གུན༌ལ༌ སྟདས༌།
ཡེ༌ཤུ༌ རྐྱང༌ཤིང༌ང༌ རྐྱངས༌།
19:16b ནེ༌ 27
མག༌མི༌གུན༌ནི༌ ཁོང༌ ཁྲིད༌ཏེ༌ རྐྱང༌ཤིང༌ང༌ རྐྱང༌ཅེས༌ལ༌ ཁྱེརས༌། 17 གཙོ༌བོ༌ ཡེ༌ཤུའི༌ ཁོང༌རང༌ངི༌ རྐྱང༌ཤིང༌ ནམས༌ཏེ༌ ཡེ༌རུ༌ཤ༌ལེམ༌ནེ༌ ཕི༌ལོག༌ག༌ གོའི༌ རུས༌པ༌ ཟེར༌ཁན༌ནི༌ ནས༌སའེ༌ཀ༌ སྐྱོདས༌, ཀ༌བོའ༌ ཨིབ༌རི༌པའེ༌ སྐད༌དི༌ ནང༌ང༌ གོལ༌གོ༌ཐཱ༌ ཟེར༌ར༌ནོག༌། 18 ཏེ༌རུ༌ ཁོང༌གུན༌ནི༌ ཡེ༌ཤུ༌ རྐྱང༌ཤིང༌ང༌ རྐྱངས༌ ཡང༌ ཁོང༌ ཉམ༌པོ༌ ཞན༌ ཉིས༌སའང༌, ལྡ༌ལྡོ༌ ཉིས༌ཀོའ༌ རེ༌རེ༌ ཡང༌ ཡེ༌ཤུ༌ ཞུང༌ང༌། 19 པི༌ལ༌ཏུའི༌ མག༌མི༌གུན༌ལ༌ "ཡེ༌ཤུ༌ ན༌ཙ༌རེད༌པ༌ ཡ༌ཧུ༌དཱ༌པའེ༌ གྱལ༌པོ༌" བྲིས༌ཁན༌ནི༌ ལག༌ཤིང༌ཞིག༌ ཡེ༌ཤུའི༌ སྟག༌ག༌ རྐྱང༌ཤིང༌ངི༌ཀ༌ ཏག༌ཅེས༌ལ༌ བཀའ༌ ཏངས༌། 20 ཡེ༌ཤུ༌ རྐྱང༌ཤིང༌ང༌ རྐྱངས༌ཁན༌ནི༌ ནས༌ས༌བོ༌ གྱལ༌ས༌ནེ༌ ཉེ༌མོའ༌ ཡོད༌པ༌ ཡ༌ཧུ༌དཱ༌པ༌ མང༌པོའེ༌ ཏེ༌ བྲིས༌ཁན༌བོ༌ སིལས༌, ཏེ༌བོ༌ ཨིབ༌རི༌པ༌, རོམ༌པ༌ དང༌ གིརིས༌སི༌ སྐད༌ སུམ༌ཀོའེ༌ ནང༌ང༌ བྲིས༌ཏེ༌ ཡོད༌པིན༌།
21 ཏེ༌ནེ༌ ཡ༌ཧུ༌དཱ༌པའེ༌ བླ༌མ༌ འུ༌སྐྱོང༌གུན༌ནི༌ པི༌ལ༌ཏུའི༌ བྲིས༌ཁན༌བོའ༌ གྱབ༌གལ༌ ཅོས༌ཏེ༌, "ཡ༌ཧུ༌དཱ༌པའེ༌ གྱལ༌པོ༌ མ༌བྲིའ༌ 'ཁོ༌རང༌ངི༌ ང༌ ཡ༌ཧུ༌དཱ༌པའེ༌ གྱལ༌པོ༌ ཨིན༌ ཟེར༌རད༌པིན༌' བྲིའ༌ ཛད༌" ཟེར༌ཏེ༌ ཞུ༌ཝ༌ ཕུལས༌།
22 པི༌ལ༌ཏུའི༌ ལན༌ཏངས༌, "ངའེ༌ ཅི༌ཞིག༌ བྲིས༌ཏེ༌ ཡོད༌ནའང༌ བྲི༌ཚར༌, གྱུར༌ར༌ མེད༌།"
23 མག༌མི༌གུན༌ནི༌ ཡེ༌ཤུ༌ རྐྱང༌ཤིང༌ང༌ རྐྱང༌ ཚར༌ར༌ཅིག༌, ཚང༌མ༌ལ༌ ཐོབ༌ཅེས༌སི༌ ཕིའ༌, ཁོང༌ངི༌ ནམ༌ཟའ༌བོའ༌ པོ༌ཞི༌ ཕུདས༌། ཨིན༌ནའང༌ ཁོང༌ངི༌ ནང༌ཀུག༌གི༌ ནམ༌ཟའ༌ ཚེམ༌པོ༌ མ༌ནེ༌ མེད༌ཁན༌ གོ༌ནེ༌ ཇུག༌ ཚག༌པ༌ སླས༌ཏེ༌ ཡོད༌ པ༌སང༌ 24 ཁོང༌རང༌ ཅིག༌ དང༌ ཅིག༌ག༌ ཟེརས༌ "འི༌བོའ༌ པོ༌མི༌བུད༌, ཆོ༌ལོ༌ རིལ༌ཏེ༌ སུའ༌ ཐོབ༌དུག༌ ལྟེན༌།" ཏེ༌བོ༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཁན༌ ནང༌ཞིན༌ དྲན༌དྲ༌ གྲུབ༌ཅེས༌སི༌ ཕིའ༌ བྱུང༌,
"ཁོང༌གུན༌ནི༌ ངའེ༌ ཀོས༌ལག༌གུན༌ བགོས༌ཏེ༌
ངའེ༌ ཀོས༌པོའ༌ གྱན༌ གྱབས༌། *"
25 ཡེ༌ཤུའི༌ རྐྱང༌ཤིང༌ངི༌ དུན༌ལ༌ ཁོང༌ངི༌ ཨ༌མ༌, ཨ༌མའེ༌ ནོ༌མོ༌, ཀོལོ༌ཕཱས༌སི༌ ན༌མ༌ མིར༌ཡམ༌ དང༌ མིར༌ཡམ༌ མག༌དལ༌ལ༌མ༌ གུན༌ ལངས༌ཏེ༌ ཡོད༌པིན༌། 26 ཡེ༌ཤུའི༌ ཁོང༌ངི༌ ཨ༌མ༌ དང༌ ཁོང༌ངི༌ ཅེས༌པ༌ ཅོའ༌ ཛད༌ཁན༌ནི༌ ལོབ༌ཕྲུགས༌པོ༌ དུན༌ལ༌ ལངས༌ཏེ༌ ཟིགས༌པ༌, ཁོང༌ངི༌ ཨ༌མའ༌ མོལས༌, "ཅེས༌པའེ༌ བུ༌མོ༌, ཏ༌ནེ༌ཕར༌ལ༌ ཁོ༌ ཁྱོ༌རང༌ངི༌ བུ༌ཚ༌ ཨིན༌", 27 ཡང༌ ལོབ༌ཕྲུགས༌པོའ༌ མོལས༌, "ཏ༌ནེ༌ཕར༌ལ༌ ཁོ༌ ཁྱོ༌རང༌ངི༌ ཨ༌མ༌ ཨིན༌།" ཏེན༌ན༌ ཞག༌ནེ༌ ཕར༌ལ༌ ལོབ༌ཕྲུགས༌པོའེ༌ ཡེ༌ཤུའི༌ ཨ༌མ༌ ཁོ༌རང༌ངི༌ ཁང༌པ༌ ཁྱེརས༌།
ཡེ༌ཤུ༌ ཀྲོངས༌།
19:28 ནེ༌ 37
28 གཙོ༌བོ༌ ཡེ༌ཤུའི༌ ཁོང༌ངི༌ ལས༌ ཅོ༌ཅེས༌ ཚང༌མ༌ གྲུབ༌ཏེ༌ ཨིན༌ཁན༌བོ༌ ཁྱེན༌ཏེ༌ དམ༌པའེ༌ སུང༌རབས༌སི༌ ནང༌ང༌ མོལ༌ཁན༌བོ༌ གྲུབ༌ཅེས༌ལ༌ ཁོང༌ངི༌ མོལས༌, "ང༌ སྐོམ༌ས༌རག༌།" 29 ཏེ༌རུ༌ ནོད༌ཞིག༌གི༌ ནང༌ང༌ རྒུན༌ཆང༌ སྐྱུར༌མོ༌ ཡོད༌པ༌, ཁོང༌གུན༌ནི༌ ཆུས༌བལ༌ཞིག༌ ཏེ༌ནང༌ང༌ ཅུགས༌ཏེ༌ ཧི༌སོབ༌བི༌ ཡལ༌ག༌ཞིག༌གི༌ གོའ༌ སྐོན༌ཏེ༌ ཡེ༌ཤུའི༌ ཞལ༌ལི༌ཀ༌ ཕུལས༌། 30 ཡེ༌ཤུའི༌ ཏེ༌བོ༌ ཉང༌ ཚར༌ར༌ཅིག༌, "ཏ༌ གྲུབ༌" མོལས༌ ཡང༌ ཨུ༌ སྒུའ༌ ཛད༌ཏེ༌ ཁོང༌རང༌ངི༌ སེམས༌ཉིད༌པོ༌ དཀོན༌མཆོག༌ག༌ སྟད༌ད༌ ཛདས༌།
31 ཏེ༌ ཞག༌པོ༌ ཤབ༌བད༌དི༌ ཞག༌གི༌ ཕིའ༌ གྲལ༌གྲིག༌ ཅོ༌ཅེས༌ ཡང༌ ཐོ༌རེ༌ཟུག༌པོ༌ མིག༌སལ༌ལི༌ ཤབ༌བད༌དི༌ ཞག༌ ཨིན༌པིན༌། ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ནི༌ ཤབ༌བད༌དི༌ ཞག༌ག༌ ཟུགས༌པོ༌ རྐྱང༌ཤིང༌ངི༌ཀ༌ བོར༌ཅེས༌པོ༌ མ༌ཐད༌པ༌, ཁོང༌གུན༌ པི༌ལ༌ཏུའི༌ཀ༌ སོང༌ཏེ༌ གྱོགས༌པ༌ ཤི༌ཅེས༌སི༌ ཕིའ༌ ཏེ༌ མི༌གུན༌ནི༌ རྐང༌པ༌ ཅག༌ཅེས༌ དང༌ ཟུགས༌པོ༌གུན༌ ཕབས༌ཏེ༌ ཁྱེར༌ཅེས༌ལ༌ བཀའ༌ སལ༌ ཟེར༌ཏེ༌ ཞུ༌ཝ༌ ཕུལས༌། 32 ཏེན༌ན༌བོའེ༌ཕིའ༌ མག༌མི༌གུན༌ ཡོངས༌ཏེ༌ ཡེ༌ཤུ༌ ཉམ༌པོ༌ རྐྱང༌ཤིང༌ང༌ རྐྱངས༌ཏེ༌ ཡོད༌ཁན༌ ཉིས༌ཀོའེ༌ རྐང༌པ༌ ཅགས༌། 33 ཨིན༌ནའང༌ ཡེ༌ཤུའི༌ དུན༌ལ༌ ལེབ༌བ༌ཅིག༌, ཁོང༌ ཀྲོངས༌ ཚར༌ཏེ༌ ཐོང༌པ༌, ཁོང༌ངི༌ ཞབས༌ མ༌ཅགས༌། 34 ཏེ༌ མག༌མི༌ ཕྲོ༌ནེ༌ ཅིག༌གི༌ ཁོ༌རང༌ངི༌ མདུང༌བོ༌ ཡེ༌ཤུའི༌ རྩིབ༌མའེ༌ པར༌ལ༌ ཙུག༌ག༌ཅིག༌, ཁྲག༌ དང༌ ཆུ༌ བིང༌། 35 མིག༌ནེ༌ ངོས༌མ༌ འི༌གུན༌ ཐོང༌ཁན༌ནི༌ མི༌བོའེ༌ སྤང༌པོ༌ ཏང༌ངད༌ ཡང༌ ཁོའེ༌ སྤང༌པོ༌བོ༌ དེན༌བ༌ ཨིན༌། ཁོའེ༌ དྲང༌པོ༌ ཟེར༌ཁན༌བོ༌ ཁོའེ༌ ཤེས༌ས༌ནོག༌, ཡང༌ ཁྱོ༌ཞ༌གུན༌ནིའང༌ ཏད༌པ༌ ཅོ༌ཅེས༌སི༌ ཕིའ༌ ཁོའེ༌ སྤང༌པོ༌ ཏང༌ཨིན༌ ཨིན༌། 36 དམ༌པའེ༌ སུང༌རབས༌སི༌ ནང༌ང༌ "ཁོང༌ངི༌ རུས༌པ༌ ཅིག༌གའང༌ མི༌ཅག༌" བྲིས༌ཏེ༌ ཡོད༌ཁན༌ ཚང༌མ༌ དྲན༌དྲ༌ གྲུབ༌ཅེས༌སི༌ ཕིའ༌ འི༌ ཚང༌མ༌ བྱུང༌ཏེ༌ ཨིན༌ནོག༌། 37 དམ༌པའེ༌ སུང༌རབས༌སི༌ ཡང༌ ནས༌ས༌ཞིག༌གི༌ ནང༌ང༌ མོལ༌ཏེ༌ དུག༌, "ཁོང༌གུན༌ནི༌ ཁོ༌རང༌གུན༌ནི༌ མདུང༌ ཙུག༌ཁན༌ནི༌ མི༌བོའ༌ ལྟེན༌།"
ཡེ༌ཤུའི༌ སྤུར༌ སྤུར༌ཁང༌ངི༌ ནང༌ང༌ བོར༌ར༌ ཛདས༌།
19:38 ནེ༌ 42
38 སྟིང༌ནེ༌ ཨ༌རི༌མ༌ཐཱ༌པ༌, ཡོ༌སེབ༌ པི༌ལ༌ཏུའི༌ཀ༌ སོང༌ཏེ༌ ཡེ༌ཤུའི༌ སྤུར༌ ཁྱེར༌ཅེས༌ལ༌ གོངས༌པ༌ སལ༌ ཟེརས༌། ཡ༌ཧུ༌དཱ༌པའེ༌ འུ༌སྐྱོང༌གུན༌ལ༌ ཇིགས༌ པ༌སང༌, སྔོན༌མ༌ཅུག༌ག༌ ཡོ༌སེབ༌ གཙོ༌བོ༌ ཡེ༌ཤུའི༌ ལོབ༌ཕྲུགས༌ ཅིག༌ ཨིན༌པིན༌། ཁོའེ༌ པི༌ལ༌ཏུའི༌ ཀ༌ནེ༌ གོངས༌པ༌ ལེན༌ཏེ༌ ཡེ༌ཤུའི༌ སྤུར༌བོ༌ ཕབས༌ཏེ༌ ཁྱེརས༌། 39 སྔུན༌མ༌ ཚན༌ཞིག༌ག༌ ཡེ༌ཤུ༌ ཇལ༌ལ༌ ཡོངས༌ཁན༌ནི༌ ནི༌ཀོ༌དེ༌མས༌སའང༌ ཁོ༌ ཉམ༌པོ༌ ཡོངས༌། ཁོའེ༌ མའེར༌ དང༌ འེལ༌ཝ༌ ནེ༌ ཅོ༌ཁན༌ནི༌ ཏྲི༌ཞིམ༌ཅན༌ནི༌ མར༌ རིན༌ཅན༌ ཧ༌ལམ༌ ཀྱི༌ལོ༌ 35 ཞིག༌ ཁྱོངས༌། 40 ཡ༌ཧུ༌དཱ༌པའེ༌ སྤུར༌ སུབ༌ཅེས༌སི༌ ལུག༌སྲོལ༌ ནང༌ཞིན༌, ཁོང༌ ཉིས༌ཀོའེ༌ ཡེ༌ཤུའི༌ སྤུར༌བོ༌ ཁྱེར༌ཏེ༌, ཏྲི༌ཞིམ༌གུན༌ སྐུས༌ཏེ༌ རས༌ ཀུས༌པོའེ༌ ནང༌ང༌ ཏུམས༌། 41 ཡེ༌ཤུ༌ རྐྱང༌ཤིང༌ངི༌ཀ༌ རྐྱངས༌ཁན༌ནི༌ ནས༌སའེ༌ དུན༌ལ༌ ཚས༌ཤིག༌ ཡོད༌པིན༌, ཏེ༌ ཚས༌པོའེ༌ ནང༌ང༌ སྔུན༌ལ༌ རོ༌ མ༌ནེ༌ མ༌བོར༌ཁན༌ནི༌ སྤུར༌ཁང༌ སོ༌མ༌ཞིག༌ ཡོད༌པིན༌། 42 སྤུར༌ཁང༌བོ༌ ཉེ༌མོའ༌ ཡོད༌ཅེས༌ ཡང༌ ཏེ༌ ཞག༌པོ༌ ཡ༌ཧུ༌དཱ༌པའེ༌ མིག༌སལ༌ ཤབ༌བད༌དི༌ གྲལ༌གྲིག༌གི༌ ཞག༌ ཨིན༌ པ༌སང༌, ཁོང༌གུན༌ནི༌ ཡེ༌ཤུའི༌ སྤུར༌ ཏེན༌ན༌ སྤུར༌ཁང༌ངི༌ ནང༌ང༌ བོརས༌།
* 19:24 སུང༌གུར༌རི༌ སྤེ༌ཆའེ༌ 22:18