4
པི༌ཏྲར༌ དང༌ ཡོ༌ཧཱ༌ནན༌ ཚོགས༌དུའི༌ དུན༌ལ༌ ཁྱེརས༌།
4:1 ནེ༌ 22
པི༌ཏྲར༌ དང༌ ཡོ༌ཧཱ༌ནན༌ནི༌ མི༌མངས༌ལ༌ ལབ༌ཞ༌ སལ༌ཨིན༌ ཡོད༌ ཟ༌ནེ༌ བླ༌མ༌གུན༌, ཆོད༌ཁང༌ སྲུང༌ཁན༌ནི༌ མག༌སྤོན༌ དང༌ སད༌དུ༌ཀི༌པ༌གུན༌ ཏེ༌རུ༌ ཡོངས༌། ཏེ༌ འུ༌སྐྱོང༌གུན༌ལ༌ སྲོ༌ ཡོངས༌ཏེ༌ ཡོད༌པིན༌ ཅིའ༌ཟེར༌ན༌ སྐུ༌ཚབས༌གུན༌ནི༌ མི༌ཚོགས༌ལ༌ ཡེ༌ཤུ༌ གྱུད༌ཏེ༌ ཤི༌ཁན༌གུན༌ སོན༌ཏེའ༌ ལང༌ང༌ ཛད༌ཅེས༌སི༌ ལབ༌ཞ༌ སལ༌ལད༌པིན༌། ཁོང༌གུན༌ནི༌ པི༌ཏྲར༌ དང༌ ཡོ༌ཧཱ༌ནན༌ ཟུམས༌ཏེ༌ སྟིང༌མ༌ཞག༌ ཚག༌པ༌ ཙོན༌ཁང༌ང༌ ཀག༌ཅུགས༌, ཅིའ༌ཟེར༌ན༌ མུན༌གྲིག༌ སོང༌ ཚར༌ཏེ༌ ཡོད༌པིན༌། ཨིན༌ནའང༌ ཁོང༌ངི༌ ཆོས༌ ཚོར༌ཁན༌ མང༌པོའེ༌ གཙོ༌བོ༌ ཡེ༌ཤུའི༌ཀ༌ ཏད༌པ༌ ཁྱོངས༌, ཏད༌པ༌ཅན༌གུན༌ནི༌ ཀྲངས༌ཀ༌ སྟོང༌ལྔ༌ ཟམ༌ཤིག༌ ཡོད༌པིན༌, ཀ༌བོའེ༌ ནང༌ང༌ བུ༌མོ༌ དང༌ ཕྲུ༌གུ༌གུན༌ མ༌ཐེའ༌ ཨིན༌ནོག༌།
ཏེ༌ནེ༌ སྟིང༌མ༌ཞག༌ག༌ ཡུལ༌ལི༌ སྤོན༌བོ༌གུན༌, འུ༌སྐྱོང༌གུན༌ དང༌ ཆོས༌ཁྲིམས༌ལ༌ ཁས༌པ༌གུན༌ ཡེ༌རུ༌ཤ༌ལེམ༌མ༌ ཛོམ༌། བླ༌མ༌ ཆེན༌མོ༌ ཨན༌ནཱས༌, ཀ༌ཡ༌ཕཱས༌, བླ༌མ༌ ཆེན༌མོའེ༌ ཉེན༌: ཡོ༌ཧཱ༌ནན༌, ཨ༌ལེག༌ཟན༌དེར༌ དང༌ ཞན༌གུན༌ ཏེ༌ཕྲོའ༌ ཡོད༌པིན༌། ཁོང༌གུན༌ནི༌ པི༌ཏྲར༌ དང༌ ཡོ༌ཧཱ༌ནན༌ ཚོགས༌དུའི༌ དུན༌ལ༌ བོད༌ཏེ༌ ཏྲིས༌, "ཁྱོ༌རང༌གུན༌ནི༌ སུའི༌ ཝང༌ངི༌ ནང༌ང༌ ཡ༌ སུའི༌ མིང༌ ཁུར༌ཏེ༌ ཏེ༌ ལས༌གུན༌ ཅོས༌ཏེ༌ ཨིན༌?"
ཏེ༌ནེ༌ དམ༌པའེ༌ ཐུག༌ཉིད༌དི༌ གངས༌ཏེ༌ པི༌ཏྲར༌རི༌ ལན༌ཏངས༌, "མི༌གུན༌ནི༌ སྤོན༌བོ༌ དང༌ འུ༌སྐྱོང༌ གུན༌, ང༌ཞའེ༌ ཁོངས༌ཁན༌ནི༌ མི༌ ཕན༌ཅུགས༌ཏེ༌ ལས༌ ཟང༌པོ༌ ཅོ༌ཅེས༌པོའེ༌, དི༌རིང༌ ང༌ཞའ༌ ཏྲི༌ཝ༌ ཏྲིའ༌ད༌? ཁོ༌ ཀ༌ཟུག༌གི༌ གྱལ༌, གྱུས༌ཆའ༌ ཉིན༌རག༌ག༌? 10 འི༌བོ༌ ཁྱོ༌ཞའ༌ དང༌ ཨིས༌ར༌ཨེལ༌པ༌ ཚང༌མའེ༌ ཤེས༌གོས༌, ན༌ཙ༌རེད༌པ༌ ཡེ༌ཤུ༌ མ༌ཤི༌ཀ༌ ཁྱོ༌ཞའེ༌ རྐྱང༌ཤིང༌ངི༌ཀ༌ རྐྱངས༌ ཨིན༌ནའང༌ དཀོན༌མཆོག༌གི༌ ཁོང༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ལང༌ང༌ ཛདས༌ཁན༌ནི༌ ཚན༌ནི༌ ནང༌ང༌ འི༌ མི༌བོ༌ ཕན༌ཏེ༌ ཁྱོ༌ཞའེ༌ དུན༌ལ༌ ལངས༌ཏེ༌ ཨིན༌ནོག༌། 11 ཁོང༌ངི༌ སྐོར༌ལ༌ སུང༌རབས༌སི༌ ནང༌ང༌ མོལ༌ཏེ༌ ཨིན༌ནོག༌,
ཀ༌ རྡོའ༌བོ༌ ཁང༌པ༌ རྩིག༌ཁན༌གུན༌ནི༌ ཕན༌མི༌ཐོགས༌ ཐེས༌,
ཏེན༌ན༌ རྡོའ༌བོ༌ ཁང༌པའེ༌ ཀྲུ༌རྡོའ༌བོ༌ གྱུར༌
ཀ༌བོ༌ ཚང༌མའེ༌སང༌ ཁག༌ཅན༌ རྡོའ༌བོ༌ ཨིན༌ནོག༌ *།'
12 ཡེ༌ཤུ༌ མ༌ཤི༌ཀ༌ མ༌སྟོགས༌ ཞན༌ སུ༌ཞིག༌ གྱུད༌ཏེ༌ ང༌དང༌ང༌ ཐར༌པ༌ མི༌ཐོབ༌, ཇིག༌རྟེན༌ གང༌པོའེ༌ ནང༌ང༌ ཞན༌ སུ༌ཞིག༌ག༌ དཀོན༌མཆོག༌གི༌ ཏེ༌ མིང༌བོ༌ སལ༌ལ༌ མ༌ཛདས༌, ཀ༌བོ༌ གྱུད༌ཏེ༌ ང༌དང༌གུན༌ལ༌ ཐར༌པ༌ ཐོབ༌ཨིན༌། 13 ཏེ༌ནེ༌ ཁོང༌གུན༌ནི༌ པི༌ཏྲར༌ དང༌ ཡོ༌ཧཱ༌ནན༌ མ༌སིལ༌ཁན༌, ཁས༌པ༌ མི༌ མན༌ ཨིན༌ནའང༌ མ༌ སྤོས༌པ༌ ཉམ༌པོ༌ སྤང༌པོ༌ ཏང༌ཅེས༌ ཐོང༌ཏེ༌ ཧ༌ལས༌, ཡང༌ ཁོང༌ ཉིས༌ཀོ༌ ཡེ༌ཤུའི༌ ཕྲོ༌པ༌ ཨིན༌ཁན༌བོ༌ ཧ༌གོ༌། 14 ཁོང༌གུན༌ནི༌ ཕན༌ཅུག༌ཁན༌ནི༌ མི༌བོ༌ ཁོང༌ ཉམ༌པོ༌ ལངས༌ཏེ༌ ཡོད༌པ༌, ཁོང༌གུན༌ལ༌ པི༌ཏྲར༌ དང༌ ཡོ༌ཧཱ༌ནན༌ནི༌ གྱབ༌གལ༌ལ༌ ཅའང༌ ཟེར༌ མ༌ཉན༌། 15 ཏེ༌བོའེ༌ཕིའ༌ ཁོང༌ ཉིས༌ཀོ༌ ཡ༌ཧུ༌དཱ༌པའེ༌ ཚོགས༌དུ༌ནེ༌ ཕི༌ལོག༌ག༌ ཕིངས༌, ཡང༌ ཁོང༌གུན༌ནི༌ གྲབས༌ ཅོས༌ཏེ༌ ཅིག༌ དང༌ ཅིག༌ག༌ ཏྲིས༌, 16 "ང༌དང༌གུན༌ནི༌ འི༌ མི༌ ཉིས༌ཀོའ༌ ཅི༌ ཅོ༌ཨིན༌? ཏེ༌ ལྟས༌པོ༌ མ༌བྱུང༌ ང༌དང༌ངི༌ ཟེར༌ མི༌ཉན༌ ཅིའ༌ཟེར༌ན༌ ཁོང༌གུན༌ནི༌ ཧ༌ལས༌ཤེས༌སི༌ ཛད༌པ༌ ལྟན༌ཁན༌བོ༌ ཡེ༌རུ༌ཤ༌ལེམ༌པ༌ ཚང༌མ༌ལ༌ གྱུས༌ཨིན༌ནོག༌། 17 ཨིན༌ནའང༌ ཡེ༌ཤུའི༌ སྐོར༌ལ༌ ལོན༌བོ༌ མི༌མངས༌སི༌ ནང༌ང༌ ཏ༌རུང༌ངའང༌ མི༌ གྱས༌ཅེས༌སི༌ ཕིའ༌ ང༌དང༌ངི༌ ཁོང༌ ཉིས༌ཀོའ༌ ཏ༌ནེ༌ཕར༌ལ༌ ཡེ༌ཤུའི༌ མིང༌ ཁུར༌ཏེ༌ ཆོས༌ཤད༌ མི༌ཆོག༌ ཟེར༌ཏེ༌ བཀའ༌ཏང༌ཨིན༌།" 18 ཏེ༌ནེ༌ ཁོང༌ ཉིས༌ཀོ༌ ནང༌ང༌ བོད༌ཏེ༌ ཡེ༌ཤུའི༌ སྐོར༌ལ༌ སུའང༌ སྤེ༌ར༌ ཡ༌ ཆོས༌ཤད༌ མི༌ཆོག༌ ཟེར༌ཏེ༌ བཀའ༌ ཏངས༌།
19 ཨིན༌ནའང༌ པི༌ཏྲར༌ དང༌ ཡོ༌ཧཱ༌ནན༌ནི༌ ཁོང༌གུན༌ལ༌ མོལས༌, "ཁྱོ༌ཞའེ༌ ཅི༌ སམ༌མ༌རག༌, དཀོན༌མཆོག༌གི༌ སྐུན༌དུན༌ལ༌ ཀ༌བོ༌ དྲང༌པོ༌ ཨིན༌ནོག༌, ཁོང༌ངི༌ བཀའ༌ ཁའ༌ ཉན༌ཅེས༌པོ༌ ཨིན༌ནོག༌ག༌ ཡ༌ ཁྱོ༌ཞའེ༌? 20 ང༌ཞའེ༌ ཐོང༌ཁན༌ དང༌ ཚོར༌ཁན༌ གུན༌ མི༌གུན༌ལ༌ མ༌ཤད༌ད༌དུག༌ ཉན༌ཅེས༌ མེད༌།"
21 ཏེ༌ བྱུང༌ཁན༌བོ༌ ཐོང༌ཏེ༌ མི༌ ཚང༌མའེ༌ དཀོན༌མཆོག༌ག༌ སྟོད༌པ༌ ཕུལ༌པ༌, མི༌གུན༌ནི༌ ཧི༌ལིངས༌ མ༌ཕིང༌ང༌ ཡ༌ཧུ༌དཱ༌པའེ༌ ཚོགས༌དུའི༌ ཁོང༌ ཉིས༌ཀོའ༌ ཆད༌པ༌ ཀ༌ཟུག༌ཤིག༌ ཅད༌ཅེས༌པོ༌ ཐག༌ཅད༌ མ༌ཉན༌། ཏེན༌ན༌བོའེ༌ཕིའ༌ ཁོང༌གུན༌ནི༌ སྤང༌པུད༌ཏེ༌ ཁོང༌ ཉིས༌ཀོ༌ ཕུད༌ཏངས༌། 22 ཧ༌ལས༌ཤེས༌སི༌ ཛད༌པ༌ ཛད༌ཏེ༌ ཕན༌ཅུག༌ཁན༌ནི༌ མི༌བོའ༌ ལོ༌ ཞིབ༌ཅུ༌ སང༌ མང༌ང༌ ཆའད༌པིན༌།
ཏད༌པ༌ཅན༌གུན༌ནི༌ སྤོས༌པའེ༌ ཕིའ༌ མོས༌ལམ༌།
4:23 ནེ༌ 31
23 ཁོང༌ ཉིས༌ཀོ༌ ཕུད༌ཏེ༌ སྟིང༌ནེ༌ ཞན༌ ཏད༌པ༌ཅན༌ སྤུན༌གུན༌ནི༌ ཕྲོའ༌ སོང༌ ཡང༌ བླ༌མ༌ ཆེན༌མོ༌ དང༌ འུ༌སྐྱོང༌ གུན༌ནི༌ ཟེར༌ཁན༌ ཚང༌མ༌ ཁོང༌གུན༌ལ༌ ཤདས༌། 24 ཁོང༌གུན༌ནི༌ ཏེ༌བོ༌ ཚོར༌ར༌ཅིག༌ ཚང༌མའེ༌ སྐད༌ ཆེན༌མོའེ༌ ནང༌ང༌ དཀོན༌མཆོག༌ག༌ མོས༌ལམ༌ ཞུས༌, "ཀྱེ༌ གཙོ༌བོ༌, ཉེ༌རང༌ངི༌ ནམ༌ཁའ༌, ཇིག༌རྟེན༌, གྱ༌ཚོ༌ དང༌ ཏེ༌གུན༌ནི༌ ནང༌ང༌ ཡོད༌ཁན༌ ཚང༌མ༌ ཛད༌ཏེ༌ ཨིན༌། 25 དམ༌པའེ༌ ཐུག༌ཉིད༌ གྱུད༌ཏེ༌ ཉེ༌རང༌ངི༌ ཡོག༌པོ༌ ང༌ཞའེ༌ ཕ༌མེས༌པོ༌ གྱལ༌པོ༌ དཱ༌བིད༌དི༌ ཞལ༌ནེ༌ མོལས༌,
'གྱལ༌ཁམས༌གུན༌ལ༌ སྲོ༌ སྲན༌ཏྲེ༌ ཅིའ༌ ཡོང༌ང༌ནོག༌།
མི༌གུན༌ནི༌ གོ༌མི༌ཆོད༌ཅེས༌སི༌ ཅུས༌ངན༌ ཅིའ༌ ལྡིང༌ང༌ནོག༌།
26 དཀོན༌མཆོག༌ དང༌ ཁོང༌ངི༌ ལྡམ༌མ༌ ཛད༌ཁན༌ནི༌ མ༌ཤི༌ཀའེ༌ གྱབ༌གལ༌ལ༌,
ཇིག༌རྟེན༌ནི༌ གྱལ༌པོ༌གུན༌ མག༌གི༌ ཕིའ༌ གྲལ༌གྲིག༌ དུག༌,
ཡང༌ ཝང༌སྲུལ༌པ༌གུན༌ ཛོམས༌ཏེ༌ དུག༌།'
27 ཏན༌ཏན༌ལ༌ འི༌ གྱལ༌སའེ༌ ནང༌ང༌ གྱལ༌པོ༌ ཧེ༌རོ༌དཱ༌ དང༌ རོམ༌མི༌ ཀའ༌ལོན༌ པོན༌ཏིའུ༌ པི༌ལ༌ཏུ༌, ཡ༌ཧུ༌དཱ༌པ༌ མན༌ཁན༌གུན༌ དང༌ ཨིས༌ར༌ཨེལ༌པ༌གུན༌ ཉམ༌པོ༌ ཛོམས༌ཏེ༌ ཉེ༌རང༌ངི༌ ལྡམ༌མ༌ ཛད༌ཁན༌ དམ༌པའེ༌ ཞབ༌སྟོག༌པ༌ ཡེ༌ཤུའི༌ གྱབ༌གལ༌ལ༌ ཅུས༌ངན༌ ལྡིངས༌། 28 ཁོང༌གུན༌ནི༌ མ༌ཤི༌ཀ༌ ཅོས༌ཁན༌བོ༌ ནི༌ ཉེ༌རང༌ངི༌ ཝང༌ དང༌ ཐུག༌གོངས༌ ནང༌ཞིན༌ སྔུན༌ལ༌ ཐག༌ཅད༌ད༌ ཛད༌ཏེ༌ ཨིན༌པིན༌། 29 ཏ༌ ཀྱེ༌ གཙོ༌བོ༌, ཁོང༌གུན༌ནི༌ ལྡམ༌ཞག༌ ཏངས༌ཁན༌བོ༌ སན༌ན༌ ཛད༌ཏེ༌ ང༌ཞའ༌ ཉེ༌རང༌ངི༌ ཡོག༌པོ༌གུན༌ལ༌ ཉེ༌རང༌ངི༌ དམ༌པའེ༌ བཀའ༌ ཧམ༌པ༌ ཉམ༌པོ༌ ཤད༌ཅེས༌སི༌ ཤེད༌ སལ༌། 30 ཉེ༌རང༌ངི༌ ཆག༌ རྐྱང༌ང༌ ཛད༌ཏེ༌ གྱལ༌ཅུག༌ཅེས༌, ཉེ༌རང༌ངི༌ དམ༌པའེ༌ ཞབ༌སྟོག༌པ༌ ཡེ༌ཤུའི༌ ཚན༌ ཝང༌ཅན༌ནི༌ ནང༌ང༌ ཧ༌ལས༌ཤེས༌སི༌ སྟགས༌ དང༌ ཛད༌པ༌ གུན༌ ཅོའ༌ ཛད༌།"
31 མོས༌ལམ༌ ཏབ༌ ཚར༌ར༌ཅིག༌ ཁོང༌གུན༌ ཛོམས༌ཏེ༌ ཡོད༌ཁན༌ནི༌ ནང༌བོ༌ སྐུལ༌ལ༌ ཛདས༌། ཚང༌མ༌ དམ༌པའེ༌ ཐུག༌ཉིད༌དི༌ གངས༌ཏེ༌ དཀོན༌མཆོག༌གི༌ བཀའ༌ ཧམ༌པ༌ ཉམ༌པོ༌ ཤདས༌།
ཏད༌པ༌ཅན༌གུན༌ནི༌ ནོར༌གུན༌ བགོས༌ཏེ༌ ཏངས༌།
4:32 ནེ༌ 37
32 ཏད༌པ༌ཅན༌ ཚང༌མ༌ སྙིང༌སེམས༌ ཐུན༌ཏེ༌ སུ༌ཞིག༌གིའང༌ རང༌ངི༌ ནོར༌བོ༌ ང༌རང༌ངི༌ ཨིན༌ མ༌ཟེར༌ར༌ ཅི༌ཚང༌མ༌ ཞན༌མ༌གུན༌ ཉམ༌པོ༌ བགོའད༌པིན༌། 33 སྐུ༌ཚབས༌གུན༌ནི༌ སྟོབས༌ ཆེན༌མོ༌ ཉམ༌པོ༌ གཙོ༌བོ༌ ཡེ༌ཤུ༌ ཤི༌ཁན༌གུན༌ནི༌ ཕྲོ༌ནེ༌ སོན༌ཏེའ༌ ཞངས༌ཁན༌བོའེ༌ སྤང༌པོ༌ ཏངས༌ ཡང༌ ཚང༌མའེ༌ཀ༌ ཐུག༌རྗེ༌ ཆེན༌མོ༌ བབས༌། 34 ཁོང༌གུན༌ནི༌ ཕྲོ༌ནེ༌ སྒོས༌དོམ༌ཅན༌ སུའང༌ མེད༌པིན༌, ཅིའ༌ཟེར༌ན༌ ཞིང༌ ཡ༌ ཁང༌པ༌ ཡོད༌ཁན༌གུན༌ནི༌ ཏེ༌གུན༌ ཙོངས༌ཏེ༌ 35 སྐུ༌ཚབས༌གུན༌ནི༌ ཞབས༌སི༌ དུན༌ལ༌ ཏེ༌ པེ༌ནེ༌གུན༌ ཕུལ༌ལད༌པིན༌། ཏེ༌ནེ༌ ཁོང༌གུན༌ནི༌ སྒོས༌དོམ༌ ནང༌ཞིན༌ ཏེ༌བོ༌ ཚང༌མ༌ལ༌ བགོས༌ཏེ༌ སལ༌ལད༌པིན༌།
36 ནོར༌ ཙོང༌ཁན༌གུན༌ནི༌ ནང༌ནེ༌ ཀིབ༌རུས༌སི༌ ཡུལ༌ནེ༌ ཨིས༌ར༌ཨེལ༌ལི༌ སྡེ༌ ལི༌ཝི༌པ༌ ཡོ༌སེབ༌ ཟེར༌ཁན༌ཞིག༌ ཀ༌བོའ༌ སྐུ༌ཚབས༌གུན༌ནི༌ བཱར༌ན༌བས༌ མིང༌ང༌ ཏགས༌ ༼ཏེ༌བོའེ༌ ཏོན༌བོ༌ "སེམ༌སྟོབས༌ཏང༌ཁན༌ནི༌བུ༌" ཟེར༌ཏེ༌ ཨིན༌ནོག༌༽། 37 ཁོའེ༌ རང༌ངི༌ ཞིང༌བོ༌ ཙོངས༌ ཡང༌ པེ༌ནེ༌བོ༌ ཁྱོངས༌ཏེ༌ སྐུ༌ཚབས༌གུན༌ནི༌ ཞབས༌སི༌ དུན༌ལ༌ ཕུལས༌།
* 4:11 4:11 སུང༌གུར༌རི༌ སྤེ༌ཆའེ༌ 118:22 4:26 4:26 སུང༌གུར༌རི༌ སྤེ༌ཆའེ༌ 2:1,2